དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་ས་གྲོང་ཁྱེར་གྱིས་ཉེན་དོན་མི་སྣའི་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-08-08

    ཉིན་ཤས་གོང་། ལྷ་ས་གྲོང་ཨུད་རྩ་འཛུགས་པུའི་ཤེས་ལྡན་པ་གསོ་སྦྱོང་གི་འཆར་གཞི་ལྟར། ལྷ་ས་གྲོང་ཁྱེར་གྱིས“ལྷ་ས་གྲོང་ཁྱེར་སྤྱི་བདེ་ཁོངས་གཏོགས་ཀྱི་ཉེན་དོན་མི་སྣ་པེ་ཅིང་དུ་སྐྱོད་པའི་གཅིག་སྡུད་གསོ་སྦྱོང་འཛིན་གྲྭ”དང“ལྷ་ས་གྲོང་ཁྱེར་གྱི་ཆབ་སྲིད་བདེ་འཇགས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་སྒོའི་ས་གནས་ཀྱི་གསོ་སྦྱོང་འཛིན་གྲྭ”བདེ་བླག་ངང་གཉེར་བས། སྤྱི་བདེའི་ཤེས་ལྡན་པའི་དཔུང་ཁག་ལ་སྦྱོང་བརྡར་དང་ཤེས་ལྡན་པའི་རྩལ་ནུས་མཐོ་རུ་གཏོང་བའི་སྔོན་དཔག་དམིགས་ཚད་གྲུབ་ཡོད།

    “ལྷ་ས་གྲོང་ཁྱེར་གྱི་ཆབ་སྲིད་བདེ་འཇགས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་སྒོའི་ས་གནས་ཀྱི་གསོ་སྦྱོང་འཛིན་གྲྭ”ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་མི་དམངས་ཉེན་རྟོག་སྦྱོར་བརྡར་རྟེན་གཞིར་བདེ་བླག་ངང་གཉེར་ཞིང་། ཅང་སུའུ་ཞིང་ཆེན་སྤྱི་བདེ་ཐིང་ཆབ་སྲིད་པུའུ་ཡིས་ཆབ་སྲིད་རང་བཞིན་གྱི་འགན་བཅོལ་སྤྱི་འདོམས་དང་། ཉེས་དོན་ཉེན་རྟོག དྲ་རྒྱའི་བདེ་འཇགས་སོགས་ཀྱི་འབྲེལ་ཡོད་ལས་སྒོའི་སྡེ་ཚན་གྱིས་རིགས་གཅིག་མཁས་ཅན་5གསོ་སྦྱོང་འཛིན་གྲྭའི་སློབ་ཁྲིད་ཀྱི་ལས་འགན་འཁུར་བར་མངགས་པ་མ་ཟད། ལྷ་སའི་སྤྱི་བདེའི་དྲ་རྒྱའི་བདེ་འཇགས་ཀྱི་ཆེད་ལས་ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། སུའུ་ཀྲོའུ་གྲོང་ཁྱེར་དང་། ནན་ཐུང་གྲོང་ཁྱེར། དབྱང་ཀྲོའུ་གྲོང་ཁྱེར། ལན་ཡུན་ཀང་གྲོང་ཁྱེར། ཝུའེ་ཨན་གྲོང་ཁྱེར། ཀྲེན་ཅང་གྲོང་ཁྱེར་བཅས་ཀྱི་སྤྱི་བདེ་ཅུས་ཀྱིས་མཐུན་སྦྱོར་བྱས་ནས་དྲ་རྒྱའི་བདེ་འཇགས་ཀྱི་ལས་སྒོའི་རྐང་འཛིན་པ་དང་རིགས་གཅིག་མཁས་ཅན་6སློབ་ཁྲིད་སྤེལ་རེས་དང་ལས་སྒོའི་མཛུབ་ཁྲིད་བྱེད་པར་མངགས་ཏེ། མི་དམངས་ཉེན་རྟོག་པ་50དང་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པ་མི་ཐེངས་100ལྷག་ཙམ་གསོ་སྦྱོང་བྱས་པས། ལྟ་བ་འགྱུར་བ་དང་། རྩལ་ནུས་མཐོར་གཏོང་། སྤེལ་རེས་གཏིང་ཟབ་བཅས་ཀྱི་སྔོན་དཔག་དམིགས་ཚད་གྲུབ་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།