དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • ཁྲིམས་འཛིན་པུས་ཁྲིམས་རྩོད་པའི་ལས་རིགས་ཀྱི་ཤར་དབུས་ནུབ་གསུམ་རྒྱུད་ཀྱི་ཁ་གཏད་རོགས་སྐྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-08-08

     ཉེ་ཆར། གསར་འགོད་པར་ཁྲིམས་འཛིན་པུས་འཚོགས་པའི་ཁྲིམས་རྩོད་པའི་ལས་རིགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་སྔོན་ཐོན་དཔེ་མཚོན་གཟེངས་བསྟོད་ཚོགས་འདུ་དང་ཁྲིམས་རྩོད་པའི་ལས་རིགས་ཀྱི་ཤར་དབུས་ནུབ་གསུམ་རྒྱུད་ཀྱི་ཁ་གཏད་རོགས་སྐྱོར་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཁྲིམས་འཛིན་པུའི་གཞུང་དོན་ཐིང་གིས《ཁྲིམས་རྩོད་པའི་ལས་རིགས་ཀྱི་ཤར་དབུས་ནུབ་གསུམ་རྒྱུད་ཀྱི་ཁ་གཏད་རོགས་སྐྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་ནས་ཤར་དབུས་ནུབ་གསུམ་རྒྱུད་ཀྱི་ཁྲིམས་རྩོད་པའི་ལས་རིགས་ཀྱི་ཆ་སྒྲིག་ལེགས་གཏོང་དང་ཁ་གཏད་རོགས་སྐྱོར་གྱི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་ཡོད། རྒྱལ་ཡོངས་ཀྱི་ཁྲིམས་རྩོད་པའི་ལས་རིགས་སུ་ཁྱོན་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་ཁག་13བཙུགས་ནས། ཁྲིམས་རྩོད་པའི་ལས་རིགས་ཀྱི་འཕེལ་རྒྱས་ལ་གནས་པའི་ས་ཁོངས་དོ་སྙོམས་མེད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བཅའ་ཁྲིམས་ཞབས་ཞུའི་དགོས་མཁོ་སྐོང་གང་ཐུབ་བྱེད་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 《ཇུས་གཞིའི》ནང་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་ལེགས་སུ་བཏང་ནས་ཁྲིམས་རྩོད་པའི་ལས་རིགས་ཀྱི་ཆོས་ཉིད་ཁྱད་ཆོས་དང་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ། ཤར་རྒྱུད་ཀྱི་ཞིང་ཆེན(གྲོང་ཁྱེར)9དང་ཁྲིམས་རྩོད་པའི་མི་གྲངས་ཅུང་མང་བའི་དབུས་རྒྱུད་ཀྱི་ཞིང་ཆེན་4ཡིས་ནུབ་རྒྱུད་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)12དང་པིང་ཐོན་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་ཡིན་པ་རེད། “‘ན་གཞོན་ཁྲིམས་རྩོད་པ་སྟོང’ཁ་གཏད་གསོ་སྐྱོང་འདུ་འགོད”ཀྱིས་ལོ་40མན་གྱི་ན་གཞོན་གསོ་སྐྱོང་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། ནུབ་རྒྱུད་ས་ཁུལ་ནས་ཡིན་པའི་ཁྲིམས་རྩོད་པ་1000ས་གནས་དེ་གའི“ན་གཞོན་ཁྲིམས་རྩོད་པའི་རྗེས་གྲབས་ཤེས་ལྡན་མི་སྣའི་མཛོད”ནང་བཅུག་ནས་ཁ་གཏད་རོགས་སྐྱོར་ཞིང་ཆེན(གྲོང་ཁྱེར)གྱི་རོགས་རམ་འོག ཁྲིམས་རྩོད་པའི་ལས་སྒོ་དང་ལྷག་པར་དུ་གསར་དར་ལས་སྒོ་དང་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ལས་སྒོའི་དངོས་འཐབ་སྦྱོང་བརྡར་དང་ལེན་བྱ་རྒྱུ་མ་ཟད། ཁ་གཏད་རོགས་སྐྱོར་ཞིང་ཆེན(གྲོང་ཁྱེར)གྱི་ཁྲིམས་རྩོད་པའི་ལས་དོན་ཁང་དུ་སློབ་སྦྱོང་བྱེད་པར་བསྐྱོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།