དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • ཉེས་གསོག་དང་འབྲེལ་བའི་ན་སོ་དར་ལ་མ་བབས་པའི་མི་སྐྱོབ་གང་ཐུབ་བྱེད་དགོས།

    ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་བརྗོད་དོན།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-08-08

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར། 2023ལོའི་ཟླ་1པོ་ནས་6པའི་བར། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ན་སོ་དར་ལ་མ་བབས་པའི་ཉེས་གསོག་དོགས་ཡོད་པ་9400ལྷག་ཙམ་འཛིན་པའི་ཆོག་མཆན་སྤྲད་པ་དང་། མི་ཁྲི་2ལྷག་ཙམ་བཟུང་མེད་པ་དེས་67.9%ཟིན་ཡོད། དུས་མཚུངས་ན་སོ་དར་ལ་མ་བབས་པའི་མིར་གནོད་འཚེ་གཏོང་མཁན་གྱི་ཉེས་གསོག་པ་ཁྲི་2.3འཛིན་པའི་ཆོག་མཆན་སྤྲད་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་གཅོད་དང་གནད་སྨིན་རོགས་ཁྲིད་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་ཉེས་གསོག་དང་འབྲེལ་བའི་ན་སོ་དར་ལ་མ་བབས་པའི་མིར་སློབ་གསོ་བརྒྱབ་ནས་སྐྱོབ་གང་ཐུབ་བྱས་ཡོད། 2023ལོའི་ཟླ་1པོ་ནས་6པའི་བར། ཞིབ་དཔྱོད་ལས་ཁུངས་ཀྱིས་ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་དོགས་ཡོད་པར་ཆ་རྐྱེན་ཟུར་དུ་བཀོད་ནས་མི་ཁྲི་1.4ལ་ཞུ་གཏུག་བརྒྱབ་མེད་པས། ཆེད་དོན་སློབ་གྲྭའི་འཛུགས་སྐྲུན་དང་ཆེད་དོན་སློབ་གསོའི་ལས་དོན་ལ་སྐུལ་འདེད་བཏང་སྟེ་ཉེས་པ་གསོག་མཁན་ན་སོ་དར་ལ་མ་བབས་པའི་མིས་ཡོ་བསྲང་ནུས་ལྡན་བྱེད་དགོས་པའི་སློབ་གསོ་བརྒྱབ་ཡོད་པ་རེད།

    ན་སོ་དར་ལ་མ་བབས་པའི་མིའི་ཕྱོགས་བསྡུས་ཁྲིམས་འཛིན་སྲུང་སྐྱོང་ཐད། ཞིབ་དཔྱོད་ལས་ཁུངས་ཀྱིས་སློབ་གྲྭའི་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་ལ་ཧུར་ཐག་ཞུགས་ནས། 2023ལོའི་ཟླ་1པོ་ནས་6པའི་བར། སློབ་གྲྭའི་གཏུམ་སྤྱོད་དང་བརྙས་བཅོས་ཀྱི་ཉེས་པ་གསོག་མཁན་120ལྷག་ཙམ་ཞུ་གཏུག་བརྒྱབ་པ་དུས་མཚུངས་ལས་62.4%ཆག་ཡོད། དྲ་རྒྱའི་རོལ་རྩེད་དང་། མགྲོན་ཁང་དུ་སྡོད་པ། ཐ་མག་དང་ཨ་རག་འཚོང་བ་སོགས་ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་གི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། སྤྱི་ཕན་གཏུག་བཤེར་གྱོད་གཞི་6800ལྷག་ཙམ་བདག་སྤྲོད་བྱས་པ་རེད།

    ན་སོ་དར་ལ་མ་བབས་པའི་མིར་ཉེས་གསོག་གི་གནོད་འཚེ་ཕོག་རྗེས་ཁྱིམ་ཚང་གི་འཚོ་བ་དཀའ་ངལ་གྱི་གནས་སུ་གྱར་བའི་གནས་ཚུལ་ལ་དམིགས་ནས། ཞིབ་དཔྱོད་ལས་ཁུངས་ཀྱིས་གཅེས་སེམས་དང་རོགས་སྐྱོབ་ལས་དོན་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ། 2023ལོའི་ཟླ་1པོ་ནས་ཟླ་6པའི་བར་ན་སོ་དར་ལ་མ་བབས་པའི་མི་6000ལྷག་ཙམ་ལ་དངོས་སུ་རོགས་སྐྱོབ་བྱས་པ་དང་རོགས་སྐྱོབ་མ་དངུལ་སྒོར་ཁྲི་5000ལྷག་ཙམ་སྤྲད་ནས། ཁོ་ཚོ་མགྱོགས་མྱུར་སེམས་ནད་དང་དཀའ་ངལ་ལས་སྒྲོལ་རོགས་བྱས་ཏེ་རྒྱུན་གཏན་གྱི་སློབ་སྦྱོང་དང་འཚོ་བར་ལོག་ཐུབ་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།