དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • རྒྱང་ལམ་འཇའ་ཚོན་བཞིན་དུ་བཀྲ འོད་སྣང་གངས་ལྗོངས་ས་མཐོར་འཕྲོས།

    བོད་དམག་ཁུལ་ཁང་གི་དཔུང་སྡེའི་དཔོན་དམག་གིས་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་མཐའ་སྟོབས་མཐའ་བརྟན་གྱི་ལག་ལེན་ལ་ཞུགས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-08-08


    བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་དམག་མི་རྙིང་པར་དམག་ཞབས་ཐིམ་པའི་མཛད་སྒོ་འཚོགས་ཏེ། ཁོང་ཚོས་རང་སྲོག་བློས་གཏོང་དང་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཁས་ལེན་བྱས་པ་དང་འབྲེལ། དམག་སྒར་ནང་ཡོད་མུས་ཀྱི་དཔོན་དམག་ལ་མུ་མཐུད་འབད་འཐབ་བྱེད་དགོས་པའི་ལྕག་སྐུལ་ཡང་བྱས་པ་རེད།

    བོད་དམག་ཁུལ་ཁང་འགན་སྲུང་པུའི་མདོང་ལམ་རུ་ཆེན་ཞིག་གིས་དམག་མི་གསར་པ་སྒྲིག་འཛུགས་བྱས་ནས་དམག་ཞུགས་དམ་བཅའ་བསྐྱར་དུ་བཞག་པ་དང་། ཚང་མར་ཐོག་མའི་བསམ་མདུན་མི་བརྗེད་པར་དམག་སྒར་འཛུགས་སྐྱོང་ལ་བྱས་རྗེས་འཇོག་དགོས་པའི་ལྕག་སྐུལ་བྱས་པ་རེད།

    བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གི་དཔོན་དམག་གིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་རྩལ་ནུས་སྦྱོང་བ་དང་འཇོན་ཐང་ཆེ་རུ་བཏང་སྟེ། འགན་ལེན་བྱེད་པའི་འཇོན་ཐང་དང་རྒྱལ་ཁ་ལེན་པའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད།

    བོད་སྡོད་དཔུང་སྡེ་ཞིག་གི་དཔོན་དམག་གིས་བཅའ་སྡོད་གྲོང་ཚོའི་གྲོང་མིར་སྒྲོག་འགྲེལ་བྱེད་བཞིན་པ།

    བོད་དམག་ཁུལ་ཁང་གི་འགན་སྲུང་དཔུང་སྡེའི་མདོང་ལམ་རུ་ཆེན་ཞིག་གིས་ལེ་དབར་སྟོང་གི་སྣུམ་འདྲེན་མདོང་ལམ་ལ་རྒྱུན་གཏན་གྱི་སྐོར་སྲུང་བྱས་ཏེ། བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་ཆེན་པོ་འབུལ་བཞིན་པ།

    བོད་དམག་ཁུལ་ཁང་གི་ཧྲག་བསྡུས་རིག་རྩལ་ཚོགས་པས་ཕྱོགས་བསྡུས་སྦྱོང་བརྡར་བྱ་ཡུལ་ཞིག་ཏུ་འཚམས་འདྲིའི་འཁྲབ་སྟོན་བྱེད་བཞིན་པ།

    མཐའ་མཚམས་ཡུལ་དུ་བློ་དཀར་དར་ཆ་མཐོན་པོར་གཡོ། དམག་དཔུང་སྟོབས་ཆེར་གཏོང་བའི་ལས་འགན་སྒྲུབ་པར་གཞོལ།

    མེ་ཏོག་རྫོང་གི་ནགས་ཚལ་སྟུག་པོའི་ཁྲོད་དུ། དམག་ཡོངས་ཀྱི་ཕུལ་བྱུང་དམག་མིའི་གཟི་བརྗིད་མཚན་སྙན་ཐོབ་པའི“མེ་ཏོག་མཐའ་སྲུང་དཔེ་བཟང་ཡིང་ཤོག”གི་རིམ་པ་དང་པོའི་ཧྲང་ཧྲི་ཀུའོ་ཏི་ཆིང་གིས་སླར་ཡང་རུ་སྣེ་ཁྲིད་ནས་བསྲུང་བྱར་སྐྱོད་འགོ་ཚུགས། དུག་སྦྲང་གིས་སོ་ཡང་ཡང་བརྒྱབ་ཅིང་། ས་ཁམས་ཆགས་ཚུལ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་ནའང་འཐབ་འཛིང་པ་ཚོའི་སེམས་ཤུགས་སྔར་བཞིན་ཆེན་པོ་ཡོད། ཁོང་ཚོས“ང་ཚོས་ན་གཞོན་དམག་མི་མི་རབས་འདིའི་འགན་འཁྲི་ཕྲག་ཏུ་ཁུར་ཏེ། མེས་རྒྱལ་དང་མི་དམངས་ཀྱི་ཆེད་དུ་མཐའ་མཚམས་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན”ཞེས་བཤད།

    ཕྱི་རོལ་གྱི་སྦྱོང་བརྡར་བྱ་ཡུལ་ནས་དམག་དུང་གྲགས་ཤིང་། དཔོན་དམག་གིས་དམག་སྦྱོང་དང་དངོས་འཐབ་སྣ་ཚོགས་ལ་བརྟེན་ནས་དཔུང་སྡེའི་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་གི་ཡོད།

    ས་མཐོར་བཅའ་སྡོད་བྱས་ཚུན། དཔུང་སྡེའི་དཔོན་དམག་གིས་ཐོག་མཐའ་བར་གསུམ་དུ་བཅའ་སྡོད་བྱ་ཡུལ་མང་ཚོགས་དང་བློ་གཏད་ཡོངས་གཅོལ་དང་གཅིག་སེམས་གཅིག་གཏད་ཀྱིས། ས་གནས་ཀྱི་འཕེལ་རྒྱས་དང་མང་ཚོགས་ཀྱི་ཕྱུག་འགྱུར་ལ་འདེགས་སྐྱོར་རྒྱུན་མི་ཆད་པར་བྱེད་ཀྱི་ཡོད།

    སྨན་གླིང་གྲོང་ཁྱེར་ཁོངས་ཀྱི་ཁྱུང་གླིང་གྲོང་ཚོ་ནི་སྔོན་མ་གྲོང་ཚོ་དབུལ་པོ་ཞིག་རེད། མཐའ་སྲུང་ཐོན་ཤོག་ཅིག་གིས་རོགས་སྐྱོར་རྒྱུན་ཆད་མེད་པར་བྱས་ཤིང་། སྔ་རྗེས་སུ་མ་དངུལ་བཏང་ནས་གྲོང་ཚོར་ལྷོ་པའི་བྱ་དེ་གསོ་ཚགས་ར་བ་བསྐྲུན་པ་དང་། གཞི་ཁྱོན་ཅན་གྱི་གསོ་ཚགས་ལམ་བུ་འཚོལ་ཞིབ་བྱས་པ། བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བ་གདན་དྲངས་ཏེ་གསོ་ཚགས་ལག་རྩལ་སློབ་ཁྲིད་བྱས་པ། “ལྷོ་པའི་རས་འཐག་མཉམ་ལས་ཁང”བཙུགས་པ། རས་འཐག་འཕྲུལ་འཁོར་དང་མ་བཅོས་རྒྱུ་ཆ་ཉོས་པ། འཐག་རྩལ་མཁས་པ་གདན་དྲངས་ནས་སློབ་ཁྲིད་བྱས་པ་བཅས་བྱས་པས་གྲོང་མི་ཚོའི་ཡོང་འབབ་རིམ་བཞིན་མང་དུ་ཕྱིན་པ་རེད།

    ཉེ་བའི་ལོ་ཤས་རིང་དཔུང་སྡེའི་དཔོན་དམག་ཚོས“མཉམ་སྤེལ་ལྔ་དང་སྲ་བརྟན་ལྔ”ཡི་ཆ་སྒྲིག་མཉམ་སྐྲུན་དམ་འཛིན་བྱ་གཞིར་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་རམ་འདེགས་བྱས་པ་མ་ཟད། རྨང་གཞིའི་སྒྲིག་བཀོད་དང་། སྨན་བཅོས་འཕྲོད་བསྟེན། སློབ་སྐྱོར་སློབ་གསོ། རྩལ་ནུས་གསོ་སྦྱོང་སོགས་ལ་མི་རྒྱུ་དངོས་གསུམ་འབོར་ཆེན་བཏང་སྟེ། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་བརྩམས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།