དབུ་ཤོག>ཁྲིམས་ལུགས།
  • བོད་ལྗོངས་ནགས་ཚལ་སྤྱི་ཁྱབ་རུ་ཁག་གིས“བདེ་འཇགས་དྲིལ་བསྒྲགས་ཀྱི་བློ་འདྲིའི་ཉིན་མོའི”བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-08-08


    ཉེ་ཆར། བོད་ལྗོངས་ནགས་ཚལ་སྤྱི་ཁྱབ་རུ་ཁག་གིས་རང་སྐྱོང་ལྗོངས་འཕྲལ་སྡོམ་དོ་དམ་ཐིང་དང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་ཁོངས་མིའི་ཚན་པ་དང་མཉམ་དུ“ཚང་མས་བདེ་འཇགས་ལ་སྣང་ཆེན་དང་འཕྲལ་སྡོམ་བྱེད་ཤེས་པ”བརྗོད་དོན་གཙོ་བོར་བྱས་ཏེ་ལྷ་ས་གྲོང་ཁྱེར་ནོར་སྟོད་ནུབ་ལམ་དུ་2023ལོའི“བདེ་འཇགས་དྲིལ་བསྒྲགས་ཀྱི་བློ་འདྲིའི་ཉིན་མོའི”བྱེད་སྒོ་སྤེལ་བ་རེད།

    ད་རེས་ཀྱི་བྱེད་སྒོས་བརྗོད་དོན་གཙོ་བོའི་གྱང་ཐོག་མིང་འགོད་དང་། རིག་རྩལ་འཁྲབ་སྟོན། ཤེས་བྱའི་དྲི་བ་དྲིས་ལན། མེ་གསོད་ཉེན་གཡོལ་འགྲེལ་བཤད། སྒྲིག་ཆས་སྟོན་པ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་བརྒྱུད་དྲིལ་བསྒྲགས་སློབ་གསོ་སྤེལ་ནས་བློ་འདོན་ཞབས་འདེགས་དང་བདེ་འཇགས་ཤེས་བྱ་ཁྱབ་སྤེལ་བྱས་པ་མ་ཟད། རྒྱ་ཆེའི་མང་ཚོགས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ནང་ཧུར་ཐག་ཞུགས་པ་དང་རྒྱབ་སྐྱོར་ཡོང་བར་སྐུལ་སློང་དང་སྣེ་ཁྲིད་བྱས་པས། རྒྱ་ཆེའི་མང་ཚོགས་ཀྱི་བདེ་འཇགས་ཀྱི་བྱང་ཚད་སྔར་བས་མཐོ་རུ་ཕྱིན་ནས“མི་ཚང་མས་བདེ་འཇགས་དྲིལ་བསྒྲགས་དང་འཕྲལ་སྡོམ་བྱེད་པའི”རྣམ་པ་བཟང་པོ་ཞིག་གཏོད་ཐུབ་ཡོད།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།