དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • སྨན་གླིང་རྫོང་སྤྱི་བདེ་ཅུས་རྫོང་གྲོང་མངགས་གཏོང་ཁང་གིས་ལྕགས་རིགས་ཚོང་ཁང་གི་བདེ་འཇགས་ལ་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-08-08

    དབྱར་དུས་ཀྱི་བདེ་འཇགས་བཅོས་སྒྲིག་དང་རྡུང་རྡེག་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཤུགས་ཆེན་གཏོང་བ། མེ་མདའ་དང་། འབར་རྫས། བཀག་སྡོམ་བྱེད་ཁུངས་སུ་གཏོགས་པའི་གྲི་བཅས་ལས་ཐོན་བཟོ་ཡོད་པའི་མངོན་མེད་རྐྱེན་ངན་ནུས་ཤུགས་ཡོད་རྒུས་བསལ་ནས་ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་བརྟན་པོ་ཡོང་བའི་འགན་ལེན་བྱ་ཆེད། ཉེ་ཆར་སྨན་གླིང་རྫོང་སྤྱི་བདེ་ཅུས་རྫོང་གྲོང་མངགས་གཏོང་ཁང་གིས་ཁོངས་གཏོགས་ཁུལ་གྱི་ལྕགས་རིགས་ཚོང་ཁང་ལ་བདེ་འཇགས་ཞིབ་བཤེར་བྱས་པ་རེད།

    ལས་དོན་སྤེལ་རིང་མི་དམངས་ཉེན་རྟོག་པས“དོ་དམ་ནན་པོ་དང་། བཅོས་སྒྲིག་ནན་པོ། ཚོད་འཛིན་ནན་པོ”བཅས་ཀྱི་རྩ་དོན་ལ་གཞིགས་ནས་ལྕགས་རིགས་ཚོང་ཁང་ཁག་གིས་ཚོང་གཉེར་ཁྱབ་ཁོངས་ལས་འགལ་བའི་ཚོང་ཟོག་འཚོང་གི་ཡོད་མེད་ལ་ཞིབ་བཤེར་ནན་པོ་བྱས་པ་མ་ཟད། གཟེར་མདའ་དང་གཟེར་མདའི་ཡོ་བྱད་སོགས་ཁྲིམས་ལས་འགལ་ནས་གཉེར་སྐྱོང་བྱས་ཡོད་མེད་ཞིབ་བཤེར་ནན་པོ་བྱས་པ་རེད། ཉོ་མཁན་གྱི་མིང་ངོ་མ་ཐོ་འགོད་དང་རྒྱུན་གཏན་གྱི་འཚོ་བར་མཁོ་བའི་གྲི་ཆས་ཕྱིར་ཚོང་དང་གསོག་ཚད་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། དོ་བདག་ལ་བཀག་སྡོམ་བྱས་པའི་གྲི་ཆས་ཀྱི་ངོས་འཛིན་ཚད་གཞི་དང་ཉེན་ཁ་གསལ་བཤད་བྱས་པ་མ་ཟད། དོ་བདག་ལ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་རང་རྟོགས་ངང་བརྩི་སྲུང་ཞུ་བ་དང་། མིང་ངོ་མ་འགོད་པའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གྲི་ཆས་ཕྱིར་ཚོང་དང་བེད་སྤྱོད་ཀྱི་ལྷུ་ཚིགས་ཁག་འཐུས་སྒོ་ཚང་དུ་གཏོང་བ་སོགས་བྱས་ནས་ཁྲིམས་མཐུན་གཉེར་སྐྱོང་བྱེད་དགོས་པ། གལ་ཏེ་དོགས་ཅན་གྱིས་ཚོང་ཁང་ནས་བཀག་སྡོམ་བྱས་པའི་གྲི་ཆས་ཉོས་ཚེ། དུས་ཐོག་ཏུ་ཐོ་འགོད་བྱེད་པ་དང་འབྲེལ་ལམ་སེང་མངགས་གཏོང་ཁང་ལ་སྙན་སེང་ཞུ་དགོས་པའི་བླང་བྱ་བཏོན་པ་རེད།

    ད་ཐེངས་ཀྱི་ཞིབ་བཤེར་ནང་གཟེར་མདའ་དང་གཟེར་མདའི་ཡོ་བྱད་དང་དེ་བཞིན་བཀག་སྡོམ་བྱས་པའི་གྲིའི་རིགས་ཁྲིམས་འགལ་ངང་བཟོས་པ་དང་བཙོངས་པའི་བྱེད་སྤྱོད་མེད་པ་དང་། ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་ཐོག་གི་གཙོ་གནད་དངོས་པོར་ལྟ་འདོམས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་བདེ་འཇགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་དོགས་ཟོན་ནུས་ལྡན་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་ཡོང་བར་རྨང་གཞི་བཏིང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།