ལྷོ་ཁ་གྲོང་ཁྱེར་གྱིས་མི་གཞན་ལ“དྲ་ཐོག་བྲིན་རྫུའི”བསླུ་ཁྲིད་ བྱེད་མཁན་ལ་ཞིབ་བཤེར་བྱས་པ།
ཉེ་ཆར། ལྷོ་ཁའི་དྲ་རྒྱའི་བདེ་འཇགས་ལས་དོན་སྤེལ་རིང་། དྲ་དམངས་ཞའོ་མཱ་ཡིས་འབྲེལ་ལམ་ལས་སྟེགས་སུ་མི་གཞན་ལ་དྲ་ཐོག་བྲིན་རྫུའི་བསླུ་ཁྲིད་ཆ་འཕྲིན་སྤེལ་བ་ཤེས་རྟོགས་བྱུང་འཕྲལ། མི་དམངས་ཉེན་རྟོག་པ་སྣེ་གདོང་ཆུས་ཀྱི་ཤང་གྲོང་ཞིག་ཏུ་བསྐྱོད་དེ་དྲ་དམངས་ཞའོ་མཱ་ཡི་དྲ་ཐོག་བྲིན་རྫུའི་བསླུ་ཁྲིད་བྱས་པ་དང་འབྲེལ་བ་ཡོད་པའི་བྱེད་སྤྱོད་ལ་བདེན་མིན་ཞིབ་བཤེར་བྱས་པ་རེད།
ཞིབ་བཤེར་བྱས་པ་བརྒྱུད། ཞའོ་མཱ་ནི་འདི་ལོའི་མཐོ་འབྲིང་སློབ་ཐོན་སློབ་མ་ཡིན་ཞིང་། འབྲེལ་ལམ་མཉེན་ཆས་བརྒྱུད་ཚོགས་པ་མང་པོར་བསླུ་ཁྲིད་ཆ་འཕྲིན་བསྐུར་བ་དང་། མི་དམངས་ཉེན་རྟོག་པས་འཚོལ་སྐབས་ཞའོ་མཱ་ཡིས་རང་ཉིད་ཁྲམ་པའི་གཡོ་འོག་ཏུ་ཚུད་པ་གཞི་ནས་ཤེས། མི་དམངས་ཉེན་རྟོག་པས་ཞའོ་མཱ་ལོ་ན་ཆུང་བ་དང་། སྤྱི་ཚོགས་ཀྱི་ཉམས་མྱོང་མེད་པ། བཅའ་ཁྲིམས་ཀྱི་འདུ་ཤེས་ཅུང་ཞན་པ་བཅས་ལ་དམིགས་ནས། དངོས་ཡོད་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ་ཞའོ་མཱ་ལ་སློབ་གསོ་ཁྲིད་སྟོན་དང་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་པ་རེད།
མཇུག་མཐར། མི་དམངས་ཉེན་རྟོག་པས་དྲན་སྐུལ་ཞུ་རྒྱུར། དབྱར་ཁའི་གུང་གསེང་རིང་། རྒྱ་ཆེའི་སློབ་མ་ཚོ་དང་ལྷག་པར་དུ་མཐོ་འབྲིང་ལོ་རིམ་གསུམ་པ་ཐོན་པའི་སློབ་མ་དང་སློབ་ཆེན་སློབ་མ་ཚོས་དྲ་ཐོག་ཏུ་ཞོར་ལས་བྱེད་སྐབས་ངེས་པར་ཏུ་གཟབ་གཟབ་བྱེད་དགོས། ཁེ་ཕན་ཆུང་ངུར་བསམས་ནས་བཅའ་ཁྲིམས་ལས་འགལ་བའི་ལས་ཀ་གཏན་ནས་བྱེད་མི་ཉན་ལ། རང་ཉིད་གཞན་གྱི་གཡོ་འོག་ཏུ་དེ་བས་ཀྱང་ཚུད་མི་ཉན། གལ་སྲིད་གནས་ཚུལ་འདི་རིགས་འཕྲད་ཚེ། དུས་ཐོག་ཏུ་110ལ་ཁ་པར་བརྒྱབ་ནས་སྤྱི་བདེ་ལས་ཁུངས་ལ་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་ཐེར་འདོན་བྱེད་རོགས།