དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ལྷོ་ཁའི་ཉེན་རྟོག་གིས་ཚོང་ཁང་གཉིས་ལ་རྐུ་ཤོར་བའི་གྱོད་གཞི་ཉིན་གཉིས་པར་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-08-08

    ཟླ་7ཚེས་1ཉིན་གྱི་སྔ་དྲོ། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བྱ་ས་ཁྲོམ་གཞུང་མངགས་གཏོང་ཁང་ལ་ངའི་ཟ་ཁང་ནང་གི་དངུལ་སྨར་སྒོར་1100ལྷག་ཙམ་རྐུ་ཤོར་འདུག་ཅེས་པའི་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ཉེན་བརྡ་ཁག་གཉིས་འབྱོར། ཉེན་བརྡ་འབྱོར་རྗེས་ས་གནས་དེ་གའི་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་འཕྲལ་མར་བརྟག་དཔྱད་བྱས་པ་རེད།

    བརྟག་དཔྱད་ཞིབ་ཕྲ་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས་ཉེས་གསོག་དོགས་ཅན་གྱི་སྡོད་གནས་གཏན་འཁེལ་བྱས། ཟླ་7ཚེས་2ཉིན་གྱི་ཕྱི་དྲོ། ཉེས་གསོག་དོགས་ཅན་འགྱུར་ཆེ་གེ་མོ་རྩེད་ཐང་ལམ་ཆེན་གྱི་གྲོང་མིའི་ཁང་པ་ཞིག་གི་ནང་ནས་མི་དམངས་ཉེན་རྟོག་པས་བཟུང་བ་དང་། བརྟག་དཔྱད་བྱས་པ་བརྒྱུད། འགྱུར་ཆེ་གེ་མོས་གྱོད་གཞི་ཐོན་པའི་དགོང་མོར། ཁྲོམ་གཞུང་དང་བར་ཐག་ཉེ་བའི་ཤེལ་སྒོ་ཡག་པོ་བརྒྱབ་མེད་པའི་ཟ་ཁང་གཉིས་ལ་རྐུ་བརྒྱབ་པ་རེད། འདྲི་རྩད་བྱས་པ་བརྒྱུད། འགྱུར་ཆེ་གེ་མོས་རང་ཉིད་ཀྱིས་བརྐུས་པའི་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་དང་། མིག་སྔར་འགྱུར་ཆེ་གེ་མོ་བྱ་ས་ཁྲོམ་གཞུང་མངགས་གཏོང་ཁང་གིས་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་བྱས་པ་རེད།

    ཉེན་རྟོག་ཕྱོགས་ཀྱིས་རྒྱ་ཆེའི་ཚོང་དུད་ལ་དྲན་སྐུལ་བྱས་དོན། མིག་སྔར། རྩེད་ཐང་གྲོང་ཁུལ་གྱི་ཁྲོམ་གཞུང་དང་བར་ཐག་ཉེ་བའི་ཚོང་ཁང་མི་ཉུང་བ་ཞིག་ལ་རྐུན་འགོག་ལྕགས་སྒོ་མེད་པ་དང་། ཚོང་ཁང་གི་སྦྱིན་བདག་མཚན་མོ་ཚོང་ཁང་ནས་ཁ་བྲལ་སྐབས་དངུལ་སྨར་དང་རྩ་ཆེའི་དངོས་པོ་འཁྱེར་ནས་ངེས་པར་དུ་སྒོ་ལྕགས་རྒྱག་དགོས་པ་དང་སྒོ་དང་སྒེའུ་ཁུང་དམ་པོར་རྒྱག་དགོས། ཆ་རྐྱེན་ཡོད་ཚེ་ཚོང་ཁང་གི་ཕྱི་རོལ་དུ་གློག་མིག་བསྒར་ནས་རྒྱུ་ནོར་ཡག་པོ་སྲུང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།