དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • སྣེ་གདོང་སྤྱི་བདེ་ཅུས་ཀྱིས་ཉེས་གསོག་དོགས་ཅན་གཉིས་ལ་ཁ་ཏ་བསླབ་བྱ་བྱས་པས་ནག་ཉེས་ངོས་ལེན་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-08-08

    ཉེ་དུས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྐྱིད་གསར་ཁྲོམ་གཞུང་མངགས་གཏོང་ཁང་ལ་ལས་ཡུལ་གྱི་སྟབས་བདེའི་ཁང་པའི་ནང་བཞག་པའི་སྒོར་ཁྲི་5ལྷག་ཙམ་རི་བའི་ཅ་དངོས་བརྐུས་འདུག་ཅེས་པའི་གྱོད་དོན་སྙན་སེང་འབྱོར།

    གྱོད་དོན་སྙན་སེང་འབྱོར་རྗེས། མི་དམངས་ཉེན་རྟོག་པས་འཕྲལ་དུ་བརྟག་དཔྱད་བྱས། མྱུལ་ཞིབ་ཞིབ་ཚགས་བྱས་པ་བརྒྱུད། ཟོག་འདྲེན་རླངས་འཁོར་ཆུང་གྲས་དཀར་པོ་ཞིག་ལ་ཉེས་གསོག་དོགས་པ་ཡོད་པའི་གཏན་འཁེལ་རགས་ཙམ་བྱས། དབྱེ་ཞིབ་ནན་པོ་བྱས་པ་བརྒྱུད། སྐུ་ཆེ་གེ་མོ་དང་ལྷག་ཆེ་གེ་མོས་ཉེས་པ་བསགས་པ་གཏན་འཁེལ་བྱས། མི་དམངས་ཉེན་རྟོག་པས་ཁོ་གཉིས་རྗེས་འདེད་ཞིབ་བཤེར་བྱས་པ་དང་། ཁོ་གཉིས་ཀྱི་ནང་མིར་བསམ་བློའི་སློབ་གསོ་བརྒྱབ་པ་དང་། ནང་མིས་ཉེས་གསོག་དོགས་ཡོད་གཉིས་པོར་ཁ་ཏ་བསླབ་བྱ་བྱས་ནས་ནག་ཉེས་ངོས་ལེན་ཞུ་དགོས་པའི་དྲན་སྐུལ་བྱས།

    བཅའ་ཁྲིམས་ཀྱི་ཟིལ་གནོན་དང་གཉེན་ཉེའི་བརྩེ་སེམས་འོག གྱོད་གཞི་ཐོན་ནས་གཟའ་འཁོར་གཉིས་སོང་རྗེས་སྐུ་ཆེ་གེ་མོ་དང་ལྷག་ཆེ་གེ་མོས་རང་འགུལ་ངང་མངགས་གཏོང་ཁང་དུ་ཡོང་ནས་ནག་ཉེས་ངོས་ལེན་ཞུས་ཤིང་། འདྲི་རྩད་བྱས་པ་བརྒྱུད། སྐུ་ཆེ་གེ་མོ་དང་ལྷག་ཆེ་གེ་མོས་རང་ཉིད་ཀྱི་རྐུ་མ་བརྐུས་པའི་དོན་དངོས་ངོས་ལེན་ཞུས་པ་དང་། མིག་སྔར་གྱོད་གཞི་དེར་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།