དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • སྣེ་གདོང་ཆུས་མི་དམངས་ཁྲིམས་ཁང་གིས“ཕྱོགས་གསུམ་པས་ཚབ་སྤྲོད་བྱེད་ཐབས”སྤྱོད་མཁས་པོ་བྱས་ནས་ལག་ལེན་བསྟར་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-08-08

    ཉེ་ཆར་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་མི་དམངས་ཁྲིམས་ཁང་གིས་ཕྱོགས་གསུམ་པའི་སྟོབས་ཤུགས་ལ་བརྟེན་ནས་རྩོད་གཞི་ཐག་གཅོད་བྱས་པས། ངལ་ནུས་རྩོད་གཞིའི་གྱོད་གཞི་ཞིག་བདེ་ཐག་ངང་ཐག་གཅོད་ཐུབ་ནས་དམིགས་བྱའི་དངུལ་སྒོར་ཁྲི་82ལྷག་ཙམ་སྤྲོད་ཐུབ་པ་བྱུང་ཡོད།

    བསོད་ཆེ་གེ་མོ་དང་ཁྲང་ཧྲ་ལས་གྲྭ་ཚད་ཡོད་ཀུང་སི་ཞིག་དབར་ངལ་རྩོལ་རྩོད་གཞིའི་གྱོད་གཞི་ཐོན་པར། 2022ལོའི་ཟླ་7ཚེས་22ཉིན། ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲང་ཧྲ་ལས་གྲྭ་ཚད་ཡོད་ཀུང་སིས་བསོད་ཆེ་གེ་མོར་ངལ་ནུས་འགྲོ་གྲོན་སོགས་ཁྱོན་སྒོར་ཁྲི་82ལྷག་ཙམ་སྤྲོད་དགོས་པའི་ཁྲུན་ཐག་བཅད་ཀྱང་། ཁྲུན་ཐག་གོ་ཆོད་རྗེས་ལག་བསྟར་བྱ་ཡུལ་གྱིས་འོས་འགན་ཧུར་ཐག་མ་བསྒྲུབས་སྟབས། བསོད་ཆེ་གེ་མོས་2022ལོའི་ཟླ་བཅུ་གཅིག་པར་སྣེ་གདོང་ཆུས་མི་དམངས་ཁྲིམས་ཁང་ལ་བཙན་ཤེད་ལག་ལེན་བསྟར་རྒྱུའི་འདུན་པ་ཞུས་ཤིང་། ལག་ལེན་བསྟར་རིང་། ལག་བསྟར་ཁྲིམས་དཔོན་གྱིས་ཀུང་སིའི་རྒྱུ་ནོར་ལ་དྲ་རྒྱའི་ཁྲིམས་འཛིན་གྱི་ཞིབ་བཤེར་ཚོད་འཛིན་བྱས་པ་མ་ཟད། ཀུང་སིའི་རྩིས་ཁྲའང་བཀག་མོད། ཡིན་ནའང་བཀག་པའི་ཀུང་སིའི་རྩིས་ཁྲ་དེ་ཞིང་པ་ལས་མིར་རྒྱག་པའི་གླ་ཆའི་ཆེད་སྤྱོད་རྩིས་ཁྲ་ཡིན་སྟབས། ལས་མིར་དངུལ་སྤྲོད་ཐབས་བྲལ་ནས་གྱོད་གཞི་དེ་ལག་ལེན་བསྟར་མི་ཐུབ་པར་ལུས།

    ལག་བསྟར་ཁྲིམས་དཔོན་གྱིས་གྱོད་གཞི་དེའི་བྱུང་རིམ་ལ་བསྐྱར་དུ་དག་ཐེར་བྱེད་རིང་། ཀུང་སི་དེས་ལྷ་ས་ཆུ་གློག་ཀུང་སིར་གཏོང་རྒྱུའི་ལས་གྲྭའི་མ་དངུལ་ཡོད་པ་ཤེས་འཕྲལ་བྱ་སྤྱོད་སྤེལ་བ་དང་། ཕྱོགས་གསུམ་པའི་སྟོབས་ཤུགས་ལ་བརྟེན་ནས་ལག་ལེན་བསྟར་བར་རམ་འདེགས་ཡོང་བའི་བསམ་བློ་འཁོར་ཏེ། ལྷ་ས་གྲོང་ཁྱེར་ཆུ་གློག་ཀུང་སི་དང་མཐུན་སྦྱོར་འབྲེལ་གཏུག་བྱས་པ་བརྒྱུད། 《བཙན་ཤེད་ལག་བསྟར་བྱེད་པའི་ཁྲུན་བཅད་ཡི་གེ》དང《ལག་བསྟར་ལ་གཞོགས་འདེཌ་བྱེད་དགོས་པའི་བརྡ་ཐོའི་ཡི་གེ》བཀྲམ་ནས་ཀུང་སི་དེས་ཁྲིམས་ཁང་ལ་གཞོགས་འདེགས་བྱས་མཐར། དངུལ་སྒོར་ཁྲི་82སྤྲོད་ཐུབ་པ་བྱུང་ཡོད། གྱོད་གཞི་དེའི་དངུལ་རྩིས་ཁྲར་འབྱོར་རྗེས། ལག་བསྟར་ཁྲིམས་དཔོན་གྱིས་ཁྲིམས་བཞིན་ལག་བསྟར་འདུན་ཞུ་བྱེད་མཁན་བསོད་ཆེ་གེ་མོར་དངུལ་བསྒྱུར་བ་མ་ཟད། དངུལ་ལེན་པའི་འགྲོ་ལུགས་གཉེར་བས། དམིགས་བྱའི་དངུལ་སྒོར་ཁྲི་85ཟིན་པའི་ངལ་རྩོལ་གན་རྒྱའི་རྩོད་གཞིའི་གྱོད་གཞི་དེ་མཐར་བདེ་བླག་ངང་འདུམ་འགྲིག་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།