དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཕག་རི་མཐའ་མཚམས་མངགས་གཏོང་ཁང་གིས།

    ཐབས་མང་མཉམ་དུ་སྤྱད་ནས་12367ཞབས་ཞུའི་ལས་སྟེགས་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-01

    འདི་ནི་མངགས་གཏོང་ཁང་གི་ལས་སྒྲུབ་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་འགྲོ་འོང་བྱེད་མཁན་མང་ཚོགས་ལ་12367ཞབས་ཞུའི་ལས་སྟེགས་དྲིལ་བསྒྲགས་བྱེད་བཞིན་པ།

     འདི་ནི་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་12367ཞབས་ཞུའི་ལས་སྟེགས་དྲིལ་བསྒྲགས་བྱེད་བཞིན་པ།

    12367ཞབས་ཞུའི་ལས་སྟེགས་ཀྱི་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་དང་ཤེས་རྟོགས་ཐུབ་ཚད་མཐོ་རུ་སྔར་བས་བཏང་སྟེ། གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པ་དང་མང་ཚོགས་དབར་གྱི་བར་ཐག་ཉེ་རུ་གཏོང་ཆེད། ཉིན་ཤས་བསྟུད་མར་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཕག་རི་མཐའ་མཚམས་མངགས་གཏོང་ཁང་གིས་ས་ཆ་གཏན་འཁེལ་དང་གང་སར་བསྐྱོད་ནས་དྲིལ་བསྒྲགས་བྱེད་པ་ཟུང་འབྲེལ་དང་། ལས་སྒྲུབ་ས་ཚིགས་དང་ཉེན་དོན་ཁང་ཕན་ཚུན་གཞོགས་འདེགས་བྱས་ནས་དྲིལ་བསྒྲགས་བྱེད་པ་བཅས་ཀྱི་བྱ་ཐབས་སྤྱད་དེ། 12367ཞབས་ཞུའི་ལས་སྟེགས་ཀྱི་ཞབས་ཞུའི་དམིགས་ཡུལ་དང་། ཞབས་ཞུའི་འདུ་ཤེས། བྱེད་ནུས་ངེས་གནས། བདག་སྤྲོད་ཁྱབ་ཁོངས། ལས་སྒྲུབ་བྱ་རིམ་སོགས་ཀྱི་ཐད་དྲིལ་བསྒྲགས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད། མང་ཚོགས་ཀྱིས་12367ལས་སྟེགས་ཀྱི་དོན་སྙིང་དང་། ངོ་བོ། ནུས་པ་བཅས་ལ་སྔར་བས་ཤེས་རྟོགས་གསལ་པོ་ཐུབ་པ་དང་། གནས་སྤོས་ཡུལ་མིའི་དོ་དམ་ཁྱབ་ཁོངས་ཀྱི་ལས་སྒོ་བློ་འདྲི་སོགས་ཀྱི་དགོས་མཁོ་འཕྲད་སྐབས“12367”ཞབས་ཞུའི་ལས་སྟེགས་ལ་ཁ་པར་བརྒྱབ་ནས་རོགས་རམ་བྱེད་རོགས་ཞུ་ཆོག་པ་ཤེས་རྟོགས་བྱུང་ཡོད་པས། གྲོང་རྡལ་ཡོངས་ཀྱི་ཁྱབ་ཁོངས་ནང“ཐད་སྦྲེལ་ཁ་པར་ཡོད་པ་ཤེས་པ་དང་ཐད་སྦྲེལ་ཁ་པར་རྒྱག་ཆོག་པའི”རྣམ་པ་ཟབ་མོ་བཏོད་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།