རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་ཆེད་དོན་འཆད་ཁྲིད་བྱས་པ།
ཉེ་ཆར་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་2023ལོའི་བོད་ལྗོངས་སྤྱི་བདེའི་སློབ་ཚན་ཐེངས་ལྔ་པ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཆེད་དོན་འཆད་ཁྲིད་བྱས་ཤིང་། བརྙན་ལམ་ནས་ལྗོངས་ཡོངས་ཀྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ལ་འཆད་ཁྲིད་བྱས་པ་རེད།
འཆད་ཁྲིད་ལ་རིགས་པའི་གཞུང་ལུགས་འཆད་འགྲེལ་དང་གྱོད་དཔེ་དབྱེ་ཞིབ་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་པ་དང་འབྲེལ“ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བར་འགོ་ཁྲིད”དང་། “མི་དམངས་ལྟེ་བར་འཛིན་པ” “རྩ་ཁྲིམས་ལྟར་རྒྱལ་སྐྱོང་དང་སྲིད་འཛིན”སོགས་ཀྱི་ནང་དོན་གཙོ་བོར་དམིགས་ནས་ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རིང་། དུས་རབས་གསར་པའི་བོད་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་འགན་ནུས་ཇི་ལྟར་བྱས་ཏེ་འདོན་སྤེལ་ཡག་པོ་བྱེད་ཆེད། ཕྱོཌ་ཡོངས་དང་བརྒྱུད་རིམ་ལྡན་ལ་གཏིང་ཟབ་དང་གོ་བདེའི་ངང་འཆད་འགྲེལ་བྱས་པ་རེད།