དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • “ཡན་ཨན་གྱི་གཉིས་བཀུར་ལས་འགུལ་སྤེལ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རིག་གནས་དང་སྨན་བཅོས་མཐའ་མཚམས་སུ་སྐྱེལ་བའི”རིམ་སྤེལ་བྱེད་སྒོ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-01

    ཉེ་ཆར། “ཡན་ཨན་གྱི་གཉིས་བཀུར་ལས་འགུལ་སྤེལ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རིག་གནས་དང་སྨན་བཅོས་མཐའ་མཚམས་སུ་སྐྱེལ་བའི”རིམ་སྤེལ་བྱེད་སྒོའི་འགོ་ཚུགས་མཛད་སྒོ་ལྷ་སར་འཚོགས་ཤིང་། དེའི་དམིགས་ཡུལ་ནི་གཉིས་བཀུར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ནས་ཡན་ཨན་གྱི་གཉིས་བཀུར་ལས་འགུལ་སྤེལ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བ་དང་། དམག་སྲིད་དང་དམག་དམངས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བ། མཐའ་བརྟན་མཐའ་དར་གྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་བ་བཅས་བྱ་རྒྱུ་དེ་རེད།

    “ཡན་ཨན་གྱི་གཉིས་བཀུར་ལས་འགུལ་སྤེལ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བའི་རིག་གནས་དང་སྨན་བཅོས་མཐའ་མཚམས་སུ་སྐྱེལ་བའི”རིམ་སྤེལ་བྱེད་སྒོ་དེ། “བོད་ཀྱི་མཐའ་མཚམས་དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་རིག་གནས་རིམ་སྤེལ་བྱེད་སྒོ་དང་། “སྨན་བཅོས་ཁོངས་གཏོཌ་ཀྱིས་སྨན་བཅོས་མཐའ་མཚམས་སུ་སྐྱེལ་བའི”བདེ་ཐང་རིམ་སྤེལ་བྱེད་སྒོ་ཁག་གཉིས་སུ་ཕྱེ་ཡོད། འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས་འཁྲབ་སྟོན་ཡན་ལག་རུ་ཁག་ཆུང་གྲས་7དང་སྨན་བཅོས་ཡན་ལག་རུ་ཁག་ཆུང་གྲས་7 ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་7དང་གཞི་རིམ་དཔུང་སྡེ་དང་མཐའ་སྲུང་སོ་ལྟ་ཁང་དུ་བསྐྱོད་དེ་དངོས་ཞབས་དཔོན་དམག་དང་། དམག་ཞབས་ཐིམ་པའི་དམག་མི། གཟིགས་སྐྱོང་བྱ་ཡུལ་གཞན་དག་དང་དེ་བཞིན་ཉེ་འགྲམ་གྱི་མང་ཚོགས་བཅས་ལ་སྐོར་སྐྱོད་ནད་དཔྱད་ཀྱི་ཞབས་འདེགས་ཞུ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།