མཐའ་སྲུང་ཁུལ་དུ་རིག་གནས་དང་སྨན་བཅོས་ཀྱི་ཞབས་འདེགས་ཞུས་པ།
ཉེ་ཆར། ནག་ཆུ་གྲོང་ཁྱེར་གྱིས“ཡན་ཨན་གཉིས་བཀུར་ལས་འགུལ་སྤེལ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བ་དང་མཐའ་སྲུང་ཁུལ་དུ་རིག་གནས་དང་སྨན་བཅོས་ཀྱི་ཞབས་འདེགས་ཞུ་བའི་རིམ་སྤེལ་བྱེད་སྒོ”སྤེལ་ཞིང་། བྱེད་སྒོར་གཞི་རིམ་དུ་བཅའ་སྡོད་བྱ་ཡུལ་གྱི་དཔོན་དམག་དང་། བོད་ཞི་བས་བཅིངས་འགྲོལ་དང་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་ནང་ཞུགས་པའི་བོད་ཀྱི་གསར་བརྗེའི་རྒན་རབས་པ་དང་སྔོན་གཤེགས་དཔའ་བོའི་ནང་མི། ལོ་60ཡན་གྱི་དམག་ཞབས་ཐིམ་པའི་དམག་མི་བཅས་ཁྱོན་མི་520ལྷག་ལ་འཚམས་འདྲི་ཞུས་པ་དང་སྦྲགས། སྐོར་སྐྱོད་སྨན་བཅོས་བྱེད་སྒོ་ཡང་སྤེལ་ནས། རྒྱ་ཆེའི་གཞི་རིམ་གྱི་དཔོན་དམག་དང་དམག་ཞབས་ཐིམ་པའི་དམག་མི་སོགས་གཟིགས་སྐྱོང་བྱ་ཡུལ་ལ་ས་གནས་ས་ཐོག་ཏུ་ནད་གཞི་བརྟག་དཔྱད་དང་རིན་པ་མ་དགོས་པར་སྨན་སྤྲད་པ་རེད།
ཉེ་ཆར། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་གསོ་སྦྱོང་བྱས་ནས་ཚད་གཞི་ལོན་པའི་མེ་ཟོན་རུ་མི་གསར་པ་137ལས་གནས་ཐོག་དངོས་སྦྱོང་བྱེད་པར་སྐྱོད་པའི་དགའ་སྐྱེལ་མཛད་སྒོ་འཚོགས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་བ་དྲུག་རིང་དཀའ་སྤྱད་སྦྱོང་བརྡར་བྱས་པ་བརྒྱུད་ཐེམ་ཁུངས་མཚོ་སྔོན་ནས་ཡིན་པའི་མེ་ཟོན་རུ་མི་གསར་པ་137གྱིས་ཕུལ་དུ་བྱུང་བའི་རྒྱུགས་འབྲས་ཐོག་ནས་ལུས་རྩལ་དང་། རྩལ་ནུས། རིགས་པའི་གཞུང་ལུགས་བཅས་རིགས་ཆེན་པོ་གསུམ་གྱི་ནང་དོན་7དང་བསླབ་ཚན་18ཀྱི་དཔྱད་ཞིབ་རྩིས་ལེན་བྱས་པ་རེད།
འདི་ནི་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་འགན་འཁུར་བས་དངོས་སྦྱོང་ལས་གནས་ཐོག་འགྲོ་ཉེར་ཡོད་པའི་མེ་ཟོན་རུ་མི་གསར་པ་ཚོར་ཁ་བཏགས་གཡོག་པའི་གནས་ཚུལ་ཡིན་པ།