ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་དབྱར་དུས་ཀྱི་ཉེན་རྟོག་པ་ཡོངས་ཀྱི་དངོས་འཐབ་དམག་སྦྱོང་བྱེད་འགོ་ཚུགས་པ།
འདི་ནི་དངོས་འཐབ་དམག་སྦྱོང་བྱ་ཡུལ་ཡིན་པ།
ཉེ་དུས། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་2023ལོའི་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་དབྱར་དུས་ཀྱི་ཉེན་རྟོག་པ་ཡོངས་ཀྱི་དངོས་འཐབ་དམག་སྦྱོང་གི་འགོ་ཚུགས་སྐུལ་སློང་ཚོགས་ཆེན་གཟབ་རྒྱས་འཚོགས་པ་རེད།
ཚོགས་ཆེན་ཚོགས་ཡུལ་དུ་དམ་བཅའ་བཞག་ནས་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་དང་རྒྱ་ཆེའི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་ཏང་དང་མི་དམངས་ལ་བཅངས་པའི་ལྷག་བསམ་དང་། ཉིང་ཁྲིའི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་། ཉིང་ཁྲི་འཕེལ་རྒྱས་གཏོང་བའི་འགྱུར་མེད་ཀྱི་ཆོད་སེམས་དང་གདེང་ཚོད་བརྟན་དུ་གཏོང་བ་བཅས་མངོན་པར་བྱས་ཡོད། ས་གནས་ས་ཐོག་ཏུ་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་དང་། བྲག་ཡིབ་ཆུས་སྤྱི་བདེ་ཅུས། དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་བཅས་ཀྱི་སྦྱོང་བརྡར་རུ་སྟར་གྲུ་གཞིའི་རུ་མི་ཡོངས་ཀྱིས་བཀའ་ལྟར་བྱ་སྤྱོད་སྤེལ་བ་དང་བརྡ་ལན་འཕྲལ་མར་དང་ལེན་ཞུས་ནས་ཛ་དྲག་དང་གོ་རིམ་ལྡན་པའི་ངང་དམག་གྲབས་བྱ་ཡུལ་དུ་བསྐྱོད་དེ་རིམ་བཞིན་གོ་རིམ་དང་འཆར་གཞི་ལྟར་འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་ཀྱི་ལག་བརྡ་དང་། དྲག་འགོག་རུ་དབྱིབས། འཕྲལ་སྡོམ་འགོག་རྒོལ་ནང་སྦྱོང་སོགས་ཀྱི་སྦྱོང་བརྡར་ངོམ་སྟོན་བྱས་ཡོད། ད་ཐེངས་ཀྱི་ཚོགས་ཆེན་དེ་བརྙན་འཕྲིན་དང་ཁ་པར་གྱི་རྣམ་པའི་ཐོག་ནས་འཚོགས་པ་དང་། རྫོང(ཆུས)ཁག་གི་སྤྱི་བདེ་ཅུས་ལ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།