དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • དམག་སྒར་དུ་དཔེ་དེབ་ཀྱི་དྲི་ཞིམ་འཐུལ། དམག་དཔུང་སྟོབས་ཆེའི་ཕུགས་འདུན་སྒྲུབ་པར་བརྩོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-01

    འདི་ནི་བརྗོད་དོན་གཙོ་བོའི་རྩོམ་བསྡུའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    འདི་ནི་བརྗོད་དོན་གཙོ་བོའི་རྩོམ་བསྡུའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    འདི་ནི་དཔོན་དམག་ལ་དཔེ་དེབ་ཞལ་འདེབས་རྒྱག་བཞིན་པ།

    ཉེ་ཆར“དམག་སྒར་དུ་དཔེ་དེབ་ཀྱི་དྲི་ཞིམ་འཐུལ། དམག་དཔུང་སྟོབས་ཆེའི་ཕུགས་འདུན་སྒྲུབ་པར་བརྩོན”ཞེས་པ་དང་དམངས་ཡོངས་ཀྱི་དཔེ་ཀློག་འདུ་ཚོགས་སྐབས་གཉིས་པའི“དཔེ་ཀློག་གི་དུས་རབས་གསར་པ”ཞེས་པའི་བརྗོད་དོན་གཙོ་བོའི་རྩོམ་བསྡུའི་བྱེད་སྒོ་བོད་དུ་བཅའ་སྡོད་དཔུང་སྡེ་ཞིག་ཏུ་སྤེལ་ཞིང་། དེའི་རིང་དཔུང་སྡེའི་དཔོན་དམག་ལ་དཔེ་དེབ་ཞལ་འདེབས་བརྒྱབ་ནས་མཐའ་སྲུང་དཔེ་དེབ་ཁང་གཉེར་རྒྱུར་རྒྱབ་སྐྱོར་བྱས་པ་དང་། གཞན་ཡང་དམག་སྒར་དུ་དཔེ་ཀློག་དང་སློབ་སྦྱོང་གི་ཚ་རླབས་ཤིག་འཕྱུར་བ་བྱས་ཏེ། དཔེ་དེབ་ཀྱི་དྲི་ཞིམ་འཐུལ་བའི་དམག་སྒར་གྱི་ཁོར་ཡུག་གཅིག་གཏོད་ནས་དམག་དཔུང་སྟོབས་ཆེའི་ཕུགས་འདུན་སྒྲུབ་རོགས་བྱས་པ་རེད།

    ད་རེས་ཀྱི་བྱེད་སྒོ་དེས་དཔེ་དེབ་ཞལ་འདེབས་བརྒྱབ་ནས་དཔེ་དེབ་ཀྱི་དྲི་ཞིམ་འཐུལ་བའི་དམག་སྒར་མཉམ་སྐྲུན་བྱེད་པ་དང་། བཞུགས་མོལ་དང་སྤེལ་རེས་སྒྲིག་འཛུགས་བྱེད་པ། དམག་སྒར་གྱི་དཔེ་ཀློག་ལ་བརྟག་དཔྱད་བྱེད་པ་སོགས་རྣམ་པ་སྣ་ཚོགས་ཀྱི་དཔེ་ཀློག་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་ཏེ། དཔུང་སྡེའི་དཔོན་དམག་ལ་གསུང་རབ་ལྟ་ཀློག་དང་ཕུལ་བྱུང་དཔེ་དེབ་ལྟ་ཀློག་བྱས་པའི་རྨང་གཞིའི་ཐོག་རྩོམ་བསྡུའི་བྱེད་སྒོ་སྤེལ་བ་དང་ཆབས་ཅིག བརྗོད་དོན་གཙོ་བོའི་དཔེ་སྐྲུན་དང་བརྗོད་དོན་གཙོ་བོའི་དཔེ་ཀློག་ཟུང་འབྲེལ་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་དམག་སྒར་དུ་དཔེ་ཀློག་དང་སློབ་སྦྱོང་གི་ཚ་རླབས་ཤིག་འཕྱུར་བར་ཁྲིད་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།