དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • དམངས་སྲིད་པུས“གྲོང་གསེབ་ཀྱི་ས་ཆར་མིང་འདོགས་པའི་བྱ་སྤྱོད”བཀོད་སྒྲིག་བྱས་པ།

    གྲོང་གསེབ་ཀྱི་ས་མིང་རྩོམ་སྒྲིག་ཆུ་ཚད་མཐོ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-01

    ཉེ་ཆར། དམངས་སྲིད་པུས་བརྡ་ཐོ་བཀྲམ་ནས“གྲོང་གསེབ་ཀྱི་ས་ཆར་མིང་འདོགས་པའི་བྱ་སྤྱོད”བཀོད་སྒྲིག་བྱས་ཤིང་། བྱ་སྤྱོད་དེའི་ནང་ས་མིང་ཇུས་གཞི་བཟོ་བ་དང་། མིང་བཏགས་མཚོན་རྟགས་བཟོ་བ། རིག་གནས་སྲུང་སྐྱོང་། པར་རིས་འཚོལ་བསྡུ། ཆ་འཕྲིན་ཞབས་ཞུ་སོགས་ས་མིང་འཚོལ་བསྡུའི་ལས་དོན་གྱི་ལྷུ་ཚིགས་ཁག་ཚུད་ཡོད་ལ། གྲོང་གསེབ་ཀྱི་ས་མིང་རྩོམ་སྒྲིག་ཆུ་ཚད་མཐོ་རུ་བཏང་སྟེ་གྲོང་གསེབ་ཀྱི་ཕྱོགས་ཡོངས་དར་རྒྱས་ལ་རམ་འདེགས་བྱ་རྒྱུ་རེད། དེ་ནི་གསར་འགོད་པར་ཚེས་17ཉིན་གྱི་དམངས་སྲིད་པུའི་2023ལོའི་དུས་ཚིགས་གཉིས་པའི་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བ་ཞིག་རེད།

    ད་ཐེངས་ཀྱི“གྲོང་གསེབ་ཀྱི་ས་ཆར་མིང་འདོགས་པའི་བྱ་སྤྱོད”ནང་ཕྱོགས་5ཡི་གཙོ་གནད་ལས་འགན་ཁག་14ཁ་གསལ་བཏོན་ཡོད་པ་དང་། དེའི་ནང་གྲོང་གསེབ་ཀྱི་ས་མིང་གི་དྲ་བ་ཞིབ་ཚགས་བཟོ་བ་དང་། གྲོང་གསེབ་ཀྱི་ས་མིང་མཚོན་རྟགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་ས་མིང་རིག་གནས་འཕེལ་རྒྱས་དང་དར་རྒྱས་གཏོང་བ། ས་མིང་ཆ་འཕྲིན་ཞབས་ཞུ་ཟབ་ཏུ་གཏོང་བ། ས་མིང་ལ་བརྟེན་ནས་ཞིང་པར་ཕན་པ་སྐྲུན་རྒྱུར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ནང་དོན་ཞིབ་ཕྲ་ཚུད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།