ལས་ཁུངས་ཟ་ཁང་གིས་བཟའ་བཅའ་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་པའི་རྒྱལ་ཁབ་ཀྱི་ཚད་གཞི་ཐོག་མ་ཁྱབ་བསྒྲགས་སྒོས་ལག་ལེན་བསྟར་བ།
བཟའ་བཏུང་འཕྲོ་བརླག་གི་བྱེད་སྤྱོད་ལ་བཀག་འགོག་བྱེད་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའ་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་ཆེད། ཉེ་ཆར་རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་དང་། ཀྲུང་གོ་ཚན་རིག་ཁང་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་སུའོ། ཀྲུང་གོ་ཚད་གཞི་ཅན་ཞིབ་འཇུག་ཁང་བཅས་ཀྱིས་མཉམ་དུ་འཆར་ཟིན་བཀོད་པའི《ལས་ཁུངས་ཟ་ཁང་གིས་བཟའ་བཅའ་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་པའི་ལས་ཀའི་ཕྱོགས་སྟོན》རྒྱལ་ཁབ་ཀྱི་ཚད་གཞི(GB/T42967-2023) (གཤམ་དུ《ཕྱོགས་སྟོན》ཞེས་བསྡུ་རྒྱུ)རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས(རྒྱལ་ཁབ་ཚད་གཞི་ཅན་དོ་དམ་ཨུ་ཡོན་ལྷན་ཁང)ཀྱི་ཆོག་མཆན་ཐོབ་ནས་ཁྱབ་བསྒྲགས་བྱས་པ་བརྒྱུད་2023ལོའི་ཟླ་6ཚེས་9ཉིན་ནས་བཟུང་ལག་ལེན་བསྟར་བ་རེད།
《ཕྱོགས་སྟོན》དེ་ནི་རྒྱལ་ཡོངས་ཀྱི་ལས་ཁུངས་ཟ་ཁང་གིས་བཟའ་བཅའ་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་པའི་རྒྱལ་ཁབ་ཀྱི་ཚད་གཞི་ཐོག་མ་ཡིན་པ་དང་། གཙོ་བོ་ཟ་ཁང་བཙུགས་པའི་ལས་ཁུངས་དང་། ལས་ཁུངས་ཀྱི་ཟ་ཁང་། ལས་ཁུངས་ཀྱི་ལས་དོན་དོ་དམ་སྡེ་ཚན་བཅས་བྱེད་པོ་གསུམ་ལ་བཟའ་བཅའ་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་པའི་ལས་དོན་སྤེལ་བའི་གྲོས་འགོ་བཏོན་པ་དང་། ཟ་ཁང་བཙུགས་པའི་ལས་ཁུངས་ཀྱིས་སྒྲིག་འཛུགས་དོ་དམ་དང་ལམ་ལུགས་འཛུགས་སྐྱོང་དང་། དྲིལ་བསྒྲགས་གསོ་སྦྱོང་། ལྟ་སྐུལ་དོ་དམ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ཁྲིད་སྟོན་བྱས་པ། ལས་ཁུངས་ཀྱི་ཟ་ཁང་གིས་ཁ་ལག་མ་བཟས་གོང་དང་། ཟ་བའི་སྐབས། བཟས་ཚར་རྗེས་བཅས་ཀྱི་ལྷུ་ཚིགས་དང་དེ་བཞིན་དྲིལ་བསྒྲགས་གསོ་སྦྱོང་ལྟ་ཞིབ་ཚད་ལེན་སོགས་ཀྱི་ཐད་འབྲེལ་ཡོད་ལས་དོན་དོན་འཁྱོལ་ཞིབ་ཕྲ་བྱས་པ། ལས་ཁུངས་ལས་དོན་དོ་དམ་སྡེ་ཚན་གྱིས་ཁྲིམས་ལྟར་ལས་ཁུངས་ཀྱི་ཟ་ཁང་གིས་བཟའ་བཅའ་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་པའི་ལས་དོན་གྱི་ཕན་འབྲས་ལ་དཔྱད་དཔོག་དང་བརྡ་ཁྱབ་གཏོང་བའི་ལམ་ལུགས་སྒྲིག་འཛུགས་དང་ལག་བསྟར་ལ་མཛུབ་ཁྲིད་བྱས་པ། དམིགས་སའི་རང་བཞིན་དང་། བཀོལ་སྤྱོད་ཀྱི་རང་བཞིན། དངོས་སྤྱོད་ཀྱི་རང་བཞིན་བཅས་ཆེན་པོ་ལྡན་པ་བཅས་ལས་རིམ་ཁག་ལས་ཁུངས་ལས་དོན་དོ་དམ་སྡེ་ཚན་དང་ཏང་སྲིད་ལས་ཁུངས་སོགས་ཚན་པས་གྲོན་ཆུང་བྱེད་པའི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཟ་ཁང་གིས་བཟའ་བཅའ་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་པའི་ལས་དོན་ཚན་རིག་དང་མཐུན་ལ་ཚད་དང་ལྡན་པའི་ངང་སྤེལ་བར་གཞི་འཛིན་ས་མཁོ་འདོན་བྱས་ཡོད།