བྱང་ཐང་ཡངས་པོར་གཙོད་ཀྱི་བང་ཁ་མྱུར།
འདི་ནི་མཐའ་ཡས་བྱང་ཐང་དུ་གཙོད་ཀྱིས་བང་རྩལ་ངོམ་བཞིན་པ།
བོད་ནི་རྒྱལ་ཡོངས་སུ་རི་སྐྱེས་སྲོག་ཆགས་མང་ཤོས་ཀྱི་ས་ཁུལ་ཞིག་རེད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བསྐྲུན་པ་ལས། བོད་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་དོ་དམ་ཆུ་ཚད་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་པ་དང་། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་བཅས་བྱུང་བ་མ་ཟད། སྲུང་སྐྱོང་སྲོག་ཆགས་ཁྱུ་ཚོགས་ཀྱི་གྲངས་འབོར་ཡང་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པ་རེད།