དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • དམག་དམངས་ལག་གདང་སྦྲེལ། སྐྱེ་ཁམས་སྲུང་སྐྱོང་བྱེད།

  •     སྤེལ་དུས།  2023-08-01

    འདི་ནི་དཔོན་དམག་དང་། ལྕགས་འདམ་ཤང་དང་ཉ་མོ་ཤང་གི་དམག་ཞབས་ཐིམ་པའི་དམག་མི། ཏང་ཡོན་ཡུལ་དམག་བཅས་ཀྱིས་མཉམ་དུ་ཏང་ཞུགས་དམ་བཅའ་བསྐྱར་དུ་འཇོག་བཞིན་པ།

    འདི་ནི་དཔོན་དམག་དང་། དམག་ཞབས་ཐིམ་པའི་དམག་མི། ཏང་ཡོན་ཡུལ་དམག་བཅས་ཀྱིས་མཉམ་དུ་གད་སྙིགས་སྒྲུག་བཞིན་པ།

    རང་བྱུང་ཁམས་ལ་གོང་བཀུར་དང་། རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོང་བཅས་གང་ལེགས་བྱེད་པ་དང་རྒྱ་ཆེའི་ཏང་ཡོན་རྐང་འཛིན་པའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཉེ་ཆར་བསམ་གྲུབ་རྩེ་ཆུས་མི་དམངས་དྲག་ཆས་པུའུ་ཡིས་བསམ་གྲུབ་རྩེ་ཆུས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་དང་མཉམ་དུ་ཅུས་དེའི་དཔོན་དམག་དང་། ལྕགས་འདམ་ཤང་དང་ཉ་མོ་ཤང་གི་དམག་ཞབས་ཐིམ་པའི་དམག་མི། ཏང་ཡོན་ཡུལ་དམག་བཅས་སྒྲིག་འཛུགས་བྱས་ཏེ་ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ་ཆགས་པའི་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་ཁུལ་དུ་རི་ཆུ་ཀླུང་གསུམ་སྲུང་བའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་། བསམ་གྲུབ་རྩེ་ཆུས་མི་དམངས་དྲག་ཆས་པུའུ་ཡིས་ཏང་ཡོན་སྒྲིག་འཛུཌ་བྱས་ཏེ་ཏང་ཞུགས་དམ་བཅའ་བསྐྱར་དུ་བཞག་པ་རེད། དེ་རྗེས་ཏང་ཡོན་30ལྷག་ཙམ་གྱིས་ཆུ་ཁུངས་ཀྱི་གད་སྙིགས་བསྒྲུགས་ནས་ཁྲུང་ཁྲུང་སྐེ་ནག་ལ་མཛེས་ཤིང་སྡུག་ལ་དང་སྐྱིད་སྣང་དོད་པའི་འཚོ་གནས་ཀྱི་ཁོར་ཡུག་ཅིག་བསྐྲུན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།