བོད་རང་སྐྱོང་ལྗོངས་ཀྱི“དུས་རབས་གསར་པའི་ལོ་ཆུང་བཟང་པོའི”ཡོངས་བསྒྲགས་བྱེད་སྒོ་ལྷ་སར་སྤེལ་བ།
ཉེ་དུས། བོད་རང་སྐྱོང་ལྗོངས་ཀྱི“དུས་རབས་གསར་པའི་ལོ་ཆུང་བཟང་པོའི”ཡོངས་བསྒྲགས་བྱེད་སྒོ་ལྷ་སར་སྤེལ་བ་རེད།
ད་ཐེངས་ཀྱི་ཡོངས་བསྒྲགས་བྱེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་གཙོ་བོར་དམིགས་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་གི་རྩ་བའི་ལས་འགན་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས་ལོ་ཆུང་བཟང་པོའི་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དང་། འབད་འབུངས་ཡར་བརྩོན། འབད་འཐབ་བྱེད་ཕོད་པ། ལེགས་སྐྱེས་འབུལ་རྒྱུར་དགའ་བ། ཕྱོགས་ཡོངས་ནས་འཕེལ་རྒྱས་བཅས་ཀྱི་གསོན་ཉམས་དོད་པའི་གཏམ་རྒྱུད་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ན་སོ་དར་ལ་མ་བབས་པའི་མིས་མིག་ལྟོས་ཡར་འདྲེན་དང་དགེ་བརྩོན་ཡར་ཐོན་བྱས་ནས“མི་ཚེའི་གོམ་པ་དང་པོ”ཡག་པོ་སྤོས་ཏེ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་ཆོས། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་ཡག་པོ་ཞིག་ཆགས་པར་བྱེད་དགོས་པའི་ཁྲིད་སྟོན་བྱས་ཡོད།