བོད་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས།
སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་པོར་དམིགས་པ་དང་ལྟ་སྐུལ་ལས་དོན་ཡག་པོ་བསྒྲུབས་ཏེ་ཚོང་གཉེར་ཁོར་ཡུག་བཟང་པོར་སྲུང་སྐྱོང་ཏན་ཏིག་བྱས་པ།
རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ལྟ་སྐུལ་ལས་དོན་ཡག་པོ་བསྒྲུབས་ནས་ཚོང་གཉེར་ཁོར་ཡུག་བཟང་པོར་སྲུང་སྐྱོང་ཏན་ཏིག་བྱས་ཤིང་། ལྷུ་ཚིགས་དེ་ཚོད་བགམ་བྱེད་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་པ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དེ་ཡུན་རིང་ནུས་ལྡན་གྱི་སྒྲིག་སྲོལ་ནན་པོ་དང་འགྱུར་མེད་ཀྱི་ཚད་གཞི་ཞིག་ཏུ་བརྩིས་ཡོད། འདི་ལོའི་ལོ་སྟོད་དུ་དཔེ་མཚོན་གྱོད་གཞི་12དང་མི་14བརྡ་ཁྱབ་བཏང་བའི་ནང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་4ཡོད་པ་མ་ཟད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་གཏན་འབེབས་རྒྱུན་མཐུད་ནན་དུ་གཏོང་བའི་ལས་ཀའི་དྲན་སྐུལ་ཡང་བཟོས་ནས་བཀྲམ་པ་རེད།
འདི་ལོའི་ཟླ་5པར་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་བརྡ་ཁྱབ་བཏང་བའི་དཔེ་མཚོན་གྱོད་གཞི་དག་ཏང་ཡོན་ལས་བྱེད་པ་དང་གཉེར་སྐྱོང་བྱེད་པོ་འགྲོ་འོང་བྱེད་པའི་བརྒྱུད་རིམ་ནང་བཟའ་འཁྱེར་བཀག་ལེན་དང་། བཟའ་འཁྱེར་གང་ཐུབ། རྒྱུ་དབང་ཉོ་ཚོང་སོགས་ཀྱི་བྱེད་སྤྱོད་དང་འབྲེལ་བ་ཡོད་པ་རེད།
2023ལོ་ནས་བཟུང་ལྗོངས་ཡོངས་སུ་སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་གནད་དོན་ཁྱོན་52ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་62ལ་སྐྱོན་བརྗོད་སློབ་གསོ་བཏང་བ་དང་ཐག་གཅོད་བྱས་པ། མི་45ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ། གྱོད་གཞི་5དང་མི་5བརྡ་ཁྱབ་བཏང་ནས་དམར་རྗེན་དུ་བཏོན་པ་བཅས་རེད།
“ང་ཚོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ནན་པོ་བྱས་ནས་སྒྲིག་འགལ་གྱིས་གཞུང་དངུལ་སྤྱད་དེ་ཟ་འཐུང་བྱེད་པ་དང་། སྒྲིག་འགལ་གྱིས་ཕོགས་སྣོན་ཁ་གསབ་སྤྲོད་པ། སྒྲིག་འགལ་གྱིས་ལག་རྟགས་དང་སྐྱེས་དངུལ་སྤྲོད་པ་དང་ལེན་པ། གཞུང་འཁོར་སྒེར་སྤྱོད་བྱེད་པ། སྒེར་འཁོར་གཞུང་ནས་གསོ་བ། གཞུང་ཡིག་སྤྱད་དེ་སྒྲིག་འགལ་གྱིས་བཟའ་འཐུང་བྱེད་པ་སོགས་ཐོན་སླ་བ་དང་ཐོན་མང་བའི་གནད་དོན་ལ་རྒྱུན་མཐུད་དོ་སྣང་དང་ཞིབ་བཤེར་ནན་པོ་བྱས་པ་ཡིན”ཞེས་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ཏང་སྲོལ་སྲིད་གཙང་ལྟ་འདོམས་ཁང་གི་འགན་འཁུར་བས་བཤད།
“ཀྲུང་དབྱང་དང་། རང་སྐྱོང་ལྗོངས། ཉིང་ཁྲི་གྲོང་ཁྱེར་བཅས་ཀྱི་འབྲེལ་ཡོད་ཚོང་གཉེར་ཁོར་ཡུག་སྐོར་གྱི་སྲིད་ཇུས་བྱེད་ཐབས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པར་འཐེམ་སྐུམ་དང་གདམ་ག་བྱས་ནས་འགྱུར་བ་བཏང་སྟེ་ཁེ་ལས་ལ་ཕན་པའི་སྲིད་ཇུས་ཡུན་རིང་དོན་འཁྱོལ་མི་ཐུབ་པའི་རིགས་དང་། དོ་དམ་ཞབས་ཞུ་བྱ་ཡུལ་ལ་ཁག་ཕར་དཀྲི་ཚུར་དཀྲི་དང་། བཟའ་འཁྱེར་བཀག་ལེན། རང་འགན་གཞན་དཀྲི། ཞབས་ཞུའི་སྤུས་ཚད་ཞན་པ་དང་ལས་ཕྱོད་ཆུང་བ་བཅས་ཀྱི་རིགས། སྲིད་འཛིན་ལྟ་འདོམས་བྱེད་སྐབས་རང་གཅོད་ཀྱི་དབང་ཚད་གང་བྱུང་དུ་སྤྱད་ནས་ཆད་པ་ལྕི་པོ་གཅོད་པ་དང་དོ་དམ་ལྷུག་པོ་བྱེད་པ་དང་། ཁེ་ལས་དང་འབྲེལ་བ་ཡོད་པའི་རྩོད་གཞི་ཐག་གཅོད་བྱེད་སྐབས་འགན་འཁྲི་ནུས་ལྡན་མི་སྒྲུབ་པའི་རིགས་བཅས་ལ་གཙོ་གནད་དུ་དམིགས་ཏེ་ཐེར་འདོན་ཁ་པར་དང་སྐད་འཕྲིན་གྱི་ཐེར་འདོན་རྩ་གཉིས་ཨང་རྟགས་བཤེར་བའི་ལས་སྟེགས་དང་དེ་བཞིན་ཉིང་ཁྲི་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་སྐད་འཕྲིན་སྤྱི་རྟགས་སོགས་ཀྱི་ཐེར་འདོན་ཐབས་ལམ་བརྒྱུད། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་འགག་གནད་བསལ་ཏེ་ཁེ་ལས་ཀྱི་ཁྲིམས་མཐུན་དབང་ཆ་སྲུང་སྐྱོང་ནུས་ལྡན་བྱས་ཡོད། ཁྲོམ་རའི་བྱེད་པོས་གླེང་བའི་སྒོ་འཛུལ་དཀའ་བ་དང་། རྣམ་འགྱུར་ཡག་པོ་མེད་པ། བྱ་བ་སྒྲུབ་དཀའ་བ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་མཉམ་དུ་ཞིབ་བཤེར་ཐག་གཅོད་ཀྱང་བྱས་ཡོད”ཅེས་ཉིང་ཁྲི་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བརྗོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གནད་དོན་གྱི་ཁུངས་སྣེ་བསྡུ་རུབ་བྱས་ཏེ་སྤྱི་བསྒྲགས་སྤེལ་བ་ནས་བཟུང་། མང་ཚོགས་ཀྱིས་བཏོན་པའི་ཚོང་གཉེར་ཁོར་ཡུག་ཐད་ཀྱི་གནད་དོན་5འབྱོར་བ་དང་གནད་དོན་2ཐག་གཅོད་བྱས་ཡོད་པ་རེད།