དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ཀྱིས་སློབ་མའི་རྒྱུན་མཐོང་ནད་ཀྱི་ནད་བརྟག་ནད་འགོག་གི་ལག་རྩལ་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-08-01

    རང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་དང་བྱིས་པའི་རྒྱང་སྒྲིབ་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ནས། ལྗོངས་ཡོངས་སུ་གཞོན་ནུ་ལོ་ཆུང་དང་བྱིས་པའི་རྒྱང་སྒྲིབ་སྔོན་འགོག་དང་ཚོད་འཛིན་སོགས་སློབ་མའི་རྒྱུན་མཐོང་ནད་ཀྱི་ནད་བརྟག་ནད་འགོག་གི་ལས་དོན་གཏིང་ཟབ་སྤེལ་ཆེད། ཉེ་ཆར་བོད་རང་སྐྱོང་ལྗོངས་ཀྱི་2023ལོའི་སློབ་མའི་རྒྱུན་མཐོང་ནད་ཀྱི་ནད་བརྟག་ནད་འགོག་གི་ལག་རྩལ་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོ་ནས་བཟུང་རང་ལྗོངས་སུ་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་སྔོན་འགོག་དང་ཚོད་འཛིན་སོགས་སློབ་མའི་རྒྱུན་མཐོང་ནད་ཀྱི་བརྟག་དཔྱད་ལས་དོན་སྤེལ་ཚུན། ནད་བརྟག་ནད་འགོག་རྣམ་གྲངས་ལྗོངས་ཡོངས་ཀྱི་རྫོང(ཆུས)74ལ་ཁྱབ་ཡོད་པ་རེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག 2021ལོ་དང་2022ལོར་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་དང་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སུ་རྒྱང་སྒྲིབ་སྔོན་འགོག་དང་ཚོད་འཛིན་ལ་འཚམ་པའི་ལག་རྩལ་དཔེ་སྟོན་ཁུལ་བཙུགས་ནས་རྒྱང་སྒྲིབ་སྔོན་འགོག་དང་ཚོད་འཛིན་གྱི་ལག་རྩལ་ཁྱབ་གདལ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།