དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷོ་ཁ་གྲོང་ཁྱེར་གྱིས།

    ཤེས་བྱའི་བདག་དབང་གི་ཁེ་དབང་སྲུང་སྐྱོང་རོགས་སྐྱོར་ལས་དོན་ས་ཚིཌ་12བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-25

    ཤེས་བྱའི་བདག་དབང་གི་ཁེ་དབང་སྲུང་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་ཤེས་བྱའི་བདག་དབང་གི་ཁེ་དབང་སྲུང་སྐྱོང་རོགས་སྐྱོར་ལས་དོན་ས་ཚིགས་12བཙུགས་ཏེ་ཤེས་བྱའི་བདག་དབང་གི་ཁེ་དབང་སྲུང་སྐྱོང་རོགས་སྐྱོར་ལས་དོན་རྫོང(གྲོང་ཁྱེར་དང་ཆུས)12སུ་ཁྱབ་པར་བྱས་པ་རེད།

    ཤེས་བྱའི་བདག་དབང་གི་ཁེ་དབང་སྲུང་སྐྱོང་རོགས་སྐྱོར་ལས་དོན་ས་ཚིགས་ཀྱི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་ལྷོ་ཁ་གྲོང་ཁྱེར་གྱིས་ལས་ཀའི་གཙོ་གནད་དང་ཁྱབ་ཁོངས་ཁ་གསལ་བཟོ་བ་དང་། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྡེ་ཚན་གྱི་མཉམ་སྒྲུབ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཤེས་བྱའི་བདག་དབང་གི་ཁེ་དབང་སྲུང་སྐྱོང་རོགས་སྐྱོར་ལས་དོན་ས་ཚིགས་ཀྱི་དགོས་ངེས་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ལྷོ་ཁ་གྲོང་ཁྱེར་གྱི་གསར་གཏོད་བྱེད་པོའི་ཤེས་བྱའི་བདག་དབང་གི་ཞབས་ཞུའི་དགོས་མཁོ་སྐོང་རྒྱུ་རེད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།