གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས།
ཁྲིམས་འགལ་སྒྲིག་འགལ་གྱི་རྨོ་ཞིང་བཟུང་སྤྱོད་གནད་དོན་བཅོས་སྒྲིག་བྱས་པ།
འདི་ནི་ལྷོ་ཁ་གྲོང་ཁྱེར་གྱི་ཞིབ་དཔྱོད་ཁྲིམས་འཛིན་མི་སྣ་དང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ལས་དོན་པས་ཆུ་རྫིང་གིས་རྨོ་ཞིང་བཟུང་བའི་གནད་དོན་ལ་གྲོས་བསྡུར་བྱས་ནས་ཁ་གཏད་གཅོག་ཐབས་འདོན་བཞིན་པ།
“ཞིང་ལས་མིན་པ”དང“འབྲུ་འདེབས་མིན་པ”སོགས་རྨོ་ཞིང་གི་གནད་དོན་ལ་ལྟ་སྐུལ་བཅོས་སྒྲིག་གཏིང་ཟབ་བྱ་ཆེད། ཉེ་ཆར། གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ལྗོངས་ཡོངས་སུ་སྤེལ་བའི“ཞིང་ལས་མིན་པ”དང“འབྲུ་འདེབས་མིན་པའི”རྨོ་ཞིང་གི་བྱེད་སྒོ་བཀག་འགོག་བྱེད་པ་གཙོ་བོར་བྱས་ཏེ་རང་འགུལ་ངང་འགན་ནུས་བསྒྲུབས་ཤིང་། ཞིང་ལས་མིན་པའི་འཛུགས་སྐྲུན་གྱིས་ས་ཞིང་བཟུང་བ་དང་ཁྲིམས་འགལ་ངང་གཞི་རྩའི་ས་ཞིང་བཟུང་སྤྱོད་བྱས་པ་སོགས་ཀྱི་གནད་དོན་ལ་དམ་པོར་དམིགས་ཏེ། སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཀྱི་འགན་ནུས་བཏོན་ནས་རྨོ་ཞིང་ལ་སྲུང་སྐྱོང་གང་ཐུབ་བྱས་པ་རེད།
གོམ་སྟབས་རྗེས་མར། གྲ་ནང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་རྨོ་ཞིང་སྲུང་སྐྱོང་གི་ལས་དོན་རྒྱུན་མཐུད་གཏིང་ཟབ་སྤེལ་བ་དང་། རྨོ་ཞིང་སྲུང་སྐྱོང་གི་སྲིད་ཇུས་དོན་འཁྱོལ་ནན་པོ་བྱེད་པ། སྤྱི་ཕན་གཏུག་བཤེར་གྱི་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་ནུས་ལ་གཞི་ཚུགས་པ། སྤྱི་ཕན་གཏུག་བཤེར་ལ་བརྟེན་ནས་རྨོ་ཞིང་སྲུང་སྐྱོང་བཅོས་སྒྲིག་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བཅས་བྱས་ཏེ། གྱོད་གཞི་གཅིག་ཐག་གཅོད་བྱས་པའི་ཕན་འབྲས་ཐོན་པ་བྱ་རྒྱུ་དང་རྨོ་ཞིང་གི་དམར་ཐིག་དང་འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་བསྲུང་རྒྱུ་རེད།