དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷོ་ཁ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཉོ་ཚོང་གན་རྒྱའི་རྩོད་གཞི་ཞིག་འདུམ་འགྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-25

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་དམངས་དོན་ཚོང་དོན་འདྲི་གཅོད་ཚོགས་པས་དོ་བདག་ཕྱོགས་གཅིག་མ་ལེ་ཞི་ཡར་ཡོད་པའི་ཉོ་ཚོང་གན་རྒྱའི་རྩོད་གཞིའི་འདྲི་གཅོད་གཉིས་པ་བྱེད་རྒྱུའི་སྐོར་གྱི་གྱོད་གཞི་ཞིག་འདུམ་འགྲིག་བདེ་བླག་བྱས་པས། ཕྱོགས་ཁག་གི་དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།

    2021ལོར་ཀུང་སི་ཀ་པ་དང་ཁ་པ་གཉིས་དབར《ཨར་འདམ་མཁོ་སྤྲོད་གན་རྒྱ》བཞག་པ་དང་། གན་རྒྱའི་ནང་ཀུང་སི་ཀ་པ་ཡིས་ཀུང་སི་ཁ་པས་སྐྲུན་འགན་འཁུར་བའི་འཛུགས་སྐྲུན་ལས་གྲྭ་ཞིག་ལ་ཨར་འདམ་མཁོ་འདོན་བྱེད་རྒྱུའི་ཁ་ཆད་བྱས། དེ་རྗེས་ཏིང་ཆེ་གེ་མོས་ཀུང་སི་ག་པའི་ཐོབ་ཐང་གཡར་ནས་ཀུང་སི་ཁ་པ་དང་གྱོད་གཞི་དང་འབྲེལ་བ་ཡོད་པའི་ལས་གྲྭ་དེ་མི་གཞན་ལ་འགན་གཙང་སྤྲོད་པའི་ཁྲིམས་དང་མི་མཐུན་པའི་གན་རྒྱ་བཞག མཐར་གྱོད་གཞི་དེ་དང་འབྲེལ་བ་ཡོད་པའི་ལས་གྲྭ་དེ་ཏིང་ཆེ་གེ་མོ་ཨར་ལས་ཀྱི་བཟོ་པ་དང་། རྒྱུ་ཆ། སྒྲིག་ཆས་བཅས་སྒྲིག་འཛུགས་བྱེད་མཁན་ཡིན་པའི་མིང་ཐོག་ནས་ལས་འགོ་བཙུགས། ལས་གྲྭ་ལེགས་གྲུབ་བྱུང་རྗེས་གནོད་འཚེ་ཕོག་མཁན་ཕྱོགས་ཀྱི་ཀུང་སི་ཀ་པ་ཡིས་ཨར་འདམ་གྱི་དངུལ་མ་འབྱོར་བས། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ། བཅད་ཁྲ་ཁྱབ་བསྒྲགས་བྱས་རྗེས་ཀུང་སི་ཁ་པས་འདྲི་གཅོད་དང་པོའི་དཔྱད་ཁྲར་མོས་མཐུན་མ་བྱུང་བར། ལྷོ་ཁ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ། གྱོད་གཞི་དང་འབྲེལ་བ་ཡོད་པའི་ཉོ་ཚོང་གན་རྒྱ་ནི་གན་རྒྱ་འཇོག་སའི་མི་དང་དངོས་སུ་གན་རྒྱ་ལག་ལེན་བསྟར་མཁན་དབར་འགལ་འཛོལ་བྱུང་བའི་དཔེ་མཚོན་གྱི་གྱོད་གཞི་རེད།

    འདྲི་ཞིབ་བྱེད་པའི་བརྒྱུད་རིམ་ནང་། གྱོད་སྒྲུབ་ཁྲིམས་དཔོན་གྱིས་ཁོངས་གཏོགས་དེ་གར་ཏིང་ཆེ་གེ་མོ་དང་འབྲེལ་བ་ཡོད་པའི་གྱོད་གཞི་6ཡོད་པ་དོ་ཁུར་བྱུང་བ་དང་། ཕྱོགས་གང་ས་ཅི་ཐད་ནས་ཏིང་ཆེ་གེ་མོ་དང་འབྲེལ་བ་གང་ཐུབ་ཅི་ཐུབ་བྱས་པ་བརྒྱུད། མཐར་ཏིང་ཆེ་གེ་མོ་མ་ལེ་ཞི་ཡར་ཡོད་པ་གཏན་འཁེལ་བྱས། གྱོད་གཞི་དང་འབྲེལ་བ་ཡོད་པའི་ལས་གྲྭ་དངོས་སུ་སྒྲུབ་མཁན་ཡིན་པའི་ཏིང་ཆེ་གེ་མོ་དང་ལས་གྲྭ་སྤྱི་ཡོངས་འགན་གཙང་ལེན་མཁན་ཀུང་སི་ཁ་པའི་དབར་གྱོད་གཞི་དང་འབྲེལ་བ་ཡོད་པའི་ལས་གྲྭ་དེའི་མཐའ་མའི་དངུལ་རྩིས་བརྒྱབ་མེད་པ་མ་ཟད། ཕྱོགས་གཉིས་པོས་བསྡོམས་རྩིས་རྒྱག་པའི་དངུལ་འབོར་ལ་རྩོད་གཞི་ཆེན་པོ་བྱུང་ཡོད། དེས་ན་ཏིང་ཆེ་གེ་མོས་འགྱངས་ཆད་བྱས་པའི་དངུལ་གཞན་དག་མ་སྤྲད་པས། ཡིད་རྟོན་ཤོར་བའི་ལག་བསྟར་བྱ་ཡུལ་ལ་གྱུར་པ་དང་སྦྲགས་རྒྱལ་ནང་དུ་གནམ་གྲུར་བསྡད་ནས་ལོག་ཐབས་ཀྱང་བྲལ། གང་ལགས་ཤེ་ན་ཁོ་པའི་རྩིས་ཁྲ་བཀག་སྡོམ་བྱས་པས་རེད།

    དུས་ཐོག་ཏུ་དམངས་དོན་ཁེ་དབང་གི་རྩོད་གཞི་ཐག་གཅོད་མཐར་ཕྱིན་དང་། ཕྱོགས་ཁག་གི་དོ་བདག་གིས་བསམ་ཤེས་དང་འཆམ་མཐུན་གྱི་རྨང་གཞིའི་ཐོག་ནས་གནད་དོན་ཐག་གཅོད། དུས་ཐོག་ཏུ་རྩོད་གཞི་ནར་འགྱངས་དང་ཆེ་རུ་མི་འགྲོ་བ་བཅས་བྱས་པས། འདྲི་གཅོད་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་ནུས་ལྡན་ཕྱིན་པ་དང་། སེམས་བཟང་དང་ཡ་རབས་ཀྱི་སྒོ་ནས་ལག་བསྟར་བྱེད་པར་ཤུགས་སྣོན་བརྒྱབ་པ། ཁྲིམས་དཔོན་གྱིས་ངང་རྒྱུད་རིང་པོས་ཕྱོགས་ཁག་གི་རེ་ཞུ་ཉན་པ། གནད་དོན་ཐག་གཅོད་ཀྱི་ཇུས་གཞི་ནུས་ལྡན་བཏོན་པ། ཏིང་ཆེ་གེ་མོར་བསམ་བློའི་སློབ་གསོ་བཏང་ནས་ལྷོ་ཁ་གྲོང་ཁྱེར་དུ་རྩོད་གཞི་ཐག་གཅོད་འོས་འཚམ་བྱེད་པར་ལོག་དགོས་པའི་ཁ་ཏ་བསླབ་བྱ་བྱས་པ། ཀུང་སི་ཀ་པར་མ་དངུལ་གྲབས་གསོག་བྱེད་པར་དུས་ཚོད་འདང་ངེས་སྤྲོད་དགོས་ལུགས་བཤད་པ། ལག་བསྟར་བྱེད་རྒྱུའི་རེ་བ་ཞུ་མཁན་ལ་བསམ་བློའི་སློབ་གསོ་བཏང་བ། རང་འགུལ་ངང་ཁྲིམས་ཁང་ལ་ཏིང་ཆེ་གོ་མོར་འཛད་སྤྱོད་མཐོ་པོ་བྱེད་པར་ཚོད་འཛིན་བཟོ་བའི་བཀག་རྒྱ་ཕྱིར་འཐེན་བྱེད་དགོས་པའི་རེ་ཞུ་བཅས་ཀྱི་ཐབས་ཤེས་སྣ་མང་སྤྱད་པས་ཁོ་པ་གཞི་ནས་གནམ་གྲུར་བསྡད་དེ་ལྷོ་ཁར་ལོག་ཡོད།

    མཐར་གྱོད་གཞི་འདི་སྒྲུབ་གཉེར་བྱེད་མཁན་ཁྲིམས་དཔོན་གྱིས་ངང་རྒྱུད་རིང་ལ་ཞིབ་ཚགས་པའི་སྒོ་ནས་གནས་ལུགས་རྒྱུ་མཚན་དྲངས་པ་དང་དབྱེ་ཞིབ་བྱས་པ་བརྒྱུད། ཕྱོགས་ཁག་དབར་ཕན་ཚུན་བསམ་ཤེས་དང་བཟོད་སྒོམ་བྱས་ནས་འདུམ་འགྲིག་དང་། གྱོད་གཞི་འདུམ་འགྲིག་བདེ་བླག རྩོད་གཞི་མགྱོགས་མྱུར་ཐག་གཅོད་འོས་འཚམ་བཅས་ཐུབ་པས། ཕྱོགས་ཁག་གི་དོ་བདག་གི་ཁྲིམས་མཐུན་ཁེ་ཕན་འགན་ལེན་ཐུབ་པ་དང་དུས་མཚུངས་ལག་བསྟར་བྱ་ཡུལ་གྱི་ཁེ་ཕན་ལ་ཤུགས་རྐྱེན་ཕོག་ཉུང་དུ་ཕྱིན་པ་དང་། ཁོངས་གཏོགས་ཁུལ་གྱི་ཚོང་གཉེར་ཁོར་ཡུག་ལ་སྲུང་སྐྱོང་ཐུབ་པ། ཁོངས་གཏོགས་ཁུལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་པ་བཅས་བྱུང་ནས་ཆབ་སྲིད་ཀྱི་ཕན་འབྲས་དང་། བཅའ་ཁྲིམས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་གང་ལེགས་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།