དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཕྲུ་གུ་ཞིག་གིས་རོལ་རྩེད་ལ་སྒོར་ཁྲི་གཅིག་ལྷག་ཙམ་བཏང་བ་དྲ་རྒྱའི་མི་དམངས་ཉེན་རྟོག་པས་ནུས་ཤུགས་ཡོད་རྒུས་ཚུར་བླངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-25

    ཉེ་ཆར། ཁོངས་གཏོགས་ཁུལ་གྱི་མང་ཚོགས་གཅིག་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་སྤྱི་བདེ་ཅུས་དྲ་རྒྱའི་བདེ་འཇགས་རུ་ཆེན་དུ་ཡོང་ནས་རང་ཉིད་རྫོང་དངུལ་ཁང་དུ་དངུལ་ལེན་པར་འགྲོ་སྐབས་དངུལ་ཁང་གཱའི་ནང་གི་སྒོར་ཁྲི་གཅིག་ལྷག་ཙམ་གར་སོང་མི་འདུག་པས། སྤྱི་བདེ་ལས་ཁུངས་ཀྱིས་བརྟག་དཔྱད་གནང་རོགས་ཞེས་ཞུས།

    གནོད་འཚེ་ཕོག་མཁན་དངངས་སྐྲག་ཆེན་པོ་བྱེད་པ་མཐོང་སྐབས། དྲ་རྒྱའི་བདེ་འཇགས་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་གནས་ཚུལ་དེར་མཐོང་ཧ་ཅང་ཆེན་པོ་བྱས་ནས་འཕྲལ་མར་བརྟག་དཔྱད་དཔང་ལེན་གྱི་ལས་དོན་སྤེལ་ཞིང་། གནོད་འཚེ་ཕོག་མཁན་གྱི་དངུལ་ཁང་གཱའི་ནང་གི་དངུལ་དེ་དག་ཚ་བོས་ཟླ་4པ་དང་ཟླ་5པར་སློབ་གྲོགས་ཀྱི་ལག་ཐོགས་ཁ་པར་ནང་ཐེངས་མང་བསྒྱུར་རྗེས། ཚ་བོས་སློབ་གྲོགས་ཀྱི་ལག་ཐོགས་ཁ་པར་སྤྱད་ནས་རང་ཉིད་ཀྱི་རོལ་རྩེད་རྩིས་ཁྲའི་ནང་དངུལ་ཐེངས་མང་བླུགས་པར་ཁྱོན་བསྡོམས་སྒོར་11200ལྷག་ཙམ་ཟིན་ཡོད། གནས་ཚུལ་ཤེས་རྟོགས་བྱུང་རྗེས། མི་དམངས་ཉེན་རྟོག་པས་གནོད་འཚེ་ཕོག་མཁན་ལ་སེམས་གསོ་གཏོང་བ་དང་རོལ་རྩེད་སྟེགས་བུའི་ཚོང་ཞབས་པ་དང་འབྲེལ་གཏུག་ཧུར་ཐག་བྱས་ནས་དངུལ་དེ་དག་ཕྱིར་སློག་རྒྱུའི་རེ་བ་བཏོན་པ་དང་འབྲེལ་དགོས་ངེས་ཀྱི་ངོ་སྤྲོད་ཀྱང་མཁོ་འདོན་བྱས་པ་རེད།

    མི་དམངས་ཉེན་རྟོག་པས་མཐུན་སྦྱོར་དང་རྗེས་འདེད་ཧུར་ཐག་བཏང་བ་བརྒྱུད། སྒོར་7703.78ཕྱིར་སློག་རྒྱུའི་རེ་ཞུ་བདེ་བླག་བྱུང་ཡོད། མིག་སྔར་ཚུར་བླངས་པའི་དངུལ་ཚང་མ་གནོད་འཚེ་ཕོག་མཁན་ལ་ཕྱིར་སློག་ནས་དཔལ་འབྱོར་གྱི་གྱོང་གུན་མི་ཕོག་པར་བྱས་པ་རེད།

    མཇུག་ཏུ་ཉེན་རྟོག་ཕྱོགས་ཀྱིས་རྒྱ་ཆེའི་ཁྱིམ་བདག་ཚོར་ཕྲུ་གུས་སྐྱོན་བྲལ་ངང་དྲ་བ་སྤྱོད་པར་ཁྲིད་སྟོན་གྱིས་གློག་རྡུལ་སྒྲིག་ཆས་འོས་འཚམ་ངང་སྤྱད་དེ་ཕྲུ་གུ་ཚོ་དྲ་རྒྱའི་རོལ་རྩེད་ལ་དགའ་པོ་མི་བྱེད་པ་དང་ཆབས་ཅིག ཁྱིམ་བདག་གིས་དངུལ་ཁང་གཱ་དང་། སྐད་འཕྲིན་ནམ་ཡང་ན་གཏོང་སྤྲོད་འབོའི་གསང་བའི་ཨང་གྲངས་བཅས་ཉར་ཚགས་ཡག་པོ་བྱས་ནས་གསང་བའི་ཨང་གྲངས་མི་དགོས་པར་དངུལ་གཏོང་སྤྲོད་བྱེད་ཆོག་པའི་མཉེན་ཆས་ཀྱི་ཁ་བཀག་ནས་དཔལ་འབྱོར་གྱི་གྱོང་གུན་མི་ཕོག་པ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།