ཞིང་ལས་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་གིས་ཉེན་རྟོག་པར་གཞོགས་འདེགས་བྱས་ནས་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་ཡག་པོ་སྲུང་བ།
གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་སྔོན་འགོག་དང་བཅོས་སྒྲིག་ཡག་པོ་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་སྲུང་སྐྱོང་ཡག་པོ་བྱ་ཆེད། ཞིང་ལས་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་གིས“མི་དམངས་མང་ཚོགས་ལྟེ་བར་འཛིན་པའི”འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་འཛུགས་པ་དང་། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་ཏན་ཏིག གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་སྔོན་འགོག་དང་བཅོས་སྒྲིག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ནས། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་སྔོན་འགོག་དང་བཅོས་སྒྲིག་བྱེད་པའི་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་དང་ཟུང་འབྲེལ་གྱིས། སྡེ་ཚན་གྱི་ལས་བགོས་ཁ་གསལ་དང་འགན་འཁྲི་རིམ་བཞིན་དོན་འཁྱོལ། བྱེད་ཐབས་གསར་གཏོད་བཅས་བྱས་པས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་སྔོན་འགོག་དང་བཅོས་སྒྲིག་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
ཉེ་ཆར་ཞིང་ལས་དངུལ་ཁང་མེ་ཏོག་རྫོང་ཉིང་ལག་དངུལ་ཁང་གིས་ཞིང་ལས་དངུལ་ཁང་གི་གློག་འཕྲིན་ཁ་བསླུས་ཀྱི་གྲངས་གཞིའི་དཔེ་དབྱིབས་ཀྱི་དོགས་ཡོད་གྲངས་གཞིར་གྲལ་བཤེར་དང་ཞིབ་དཔྱད་བྱེད་སྐབས། ཚོང་ཤག་ཞིག་གི་དངུལ་ཁང་གཱ་ཡི་རྩིས་ཁྲར་ཉིན་གཅིག་ལ་ཉོ་ཚོང་བྱེད་ཐེངས་40ལྷག་ཙམ་ཟིན་ཡོད་པ་མ་ཟད། དངུལ་འབྱོར་མ་ཐག་ལམ་སེང་བསྒྱུར་ནས་དངུལ་ལྷག་མ་གཅིག་ཀྱང་བཞག་མེད་པ་ཤེས། བྱེད་སྟངས་དེར་ལས་དོན་པར་དོགས་པ་ཆེན་པོ་བྱུང་ནས་འཕྲལ་མར་ཚོང་ཤག་དེའི་རྩིས་ཁྲའི་དཔྱད་ཡིག་དང་རྩིས་ཁྲའི་དངུལ་སྒྱུར་ཚུལ་སོགས་ཀྱི་གནས་ཚུལ་ལ་གྲལ་བཤེར་ཞིབ་ཕྲ་བྱས་པ་རེད། བརྟག་དཔྱད་བྱས་པ་བརྒྱུད་ཚོང་ཤག་དེས་ཞིང་ལས་དངུལ་ཁང་ཁོངས་གཏོགས་སུ་བཞག་པའི་ཐོབ་ཐང་ནི་སློབ་མ་ཡིན་ཞིང་། སློབ་མ་ཞིག་གིས་དངུལ་མང་པོ་དེ་འདྲ་བསྒྱུར་མི་སྲིད་པས་མེ་ཏོག་རྫོང་ཉིང་ལག་དངུལ་ཁང་གིས་འཕྲལ་དུ་མེ་ཏོག་རྫོང་སྤྱི་བདེ་ཅུས་ཀྱི་ཁ་བསླུས་ངོ་རྒོལ་ལྟེ་གནས་ལ་གནས་ཚུལ་སྙན་སེང་ཞུས་པ་རེད།
སྤྱི་བདེ་སྡེ་ཚན་གྱིས་མེ་ཏོག་རྫོང་ཉིང་ལག་དངུལ་ཁང་གིས་མཁོ་འདོན་བྱས་པའི་འབྲེལ་ཡོད་གནས་ཚུལ་ལ་ཞིབ་བསྡུར་དབྱེ་ཞིབ་བྱས་པ་བརྒྱུད། རྩིས་ཁྲ་དེར་དངུལ་ཁང་གཱ་ཉོ་ཚོང་བྱེད་པའི་དོགས་གཞི་ཡོད་པས་མེ་ཏོག་རྫོང་ཉིང་ལག་དངུལ་ཁང་ལ་རྩིས་ཁྲ་དེར་ལམ་སེང་བསྡམས་གཅོད་དགོས་པའི་བརྡ་ཐོ་བཏང་བ་རེད། མེ་ཏོག་རྫོང་སྤྱི་བདེ་ཅུས་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་ཚོང་ཤག་དེར་འབྲེལ་བ་བྱས་ནས་དངུལ་ཁང་གཱ་ཉོ་ཚོང་བྱེད་པའི་གནོད་འཚེའི་རང་བཞིན་དང་བཅའ་ཁྲིམས་ཀྱི་འགན་འཁྲི་སོགས་ཀྱི་སྲིད་ཇུས་སྒྲོག་འགྲེལ་བྱས་པས། ཚོང་ཤག་དེས་ཀྱང་རང་ཉིད་ཀྱིས་དངུལ་ཁང་གཱ་དེ་སྒོར་5000བྱས་ནས་མི་གཞན་ལ་ཁྲིམས་འགལ་གྱི་བྱེད་སྤྱོད་སྤེལ་བར་གཡར་བའི་གནས་ཚུལ་སྦ་གསང་མེད་པར་བཤད་པ་རེད།
ད་ཐེངས་ཞིང་ལས་དངུལ་ཁང་མེ་ཏོག་རྫོང་ཉིང་ལག་དངུལ་ཁང་གིས་གནས་ཚུལ་དེར་འཕྲལ་མར་དོ་སྣང་བྱུང་ནས་ཁོངས་གཏོགས་ཁ་བསླུས་ངོ་རྒོལ་ལྟེ་གནས་ལ་གཞོགས་འདེགས་བྱས་ཏེ་དངུལ་ཁང་གཱ་ཉོ་ཚོང་གི་ཁྲིམས་འགལ་བྱེད་སྤྱོད་རྩད་ཆོད་མཐའ་གསལ་བྱེད་རོགས་བྱས་ནས་མི་དེ་བས་མང་བར་གློག་འཕྲིན་དྲ་རྒྱའི་ཁ་བསླུས་མི་ཐེབས་པར་བྱས་ཡོད། གནས་ཚུལ་འཕྲལ་མར་ཤེས་རྟོགས་ཐུབ་དོན་ནི་ཉིང་ཁྲི་ཡན་ལག་དངུལ་ཁང་གིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་སྔོན་འགོག་དང་བཅོས་སྒྲིག་ལ་ཡུན་རིང་ཚད་མཐོའི་མཐོང་ཆེན་དང་བཀོད་སྒྲིག་ཞིབ་ཚགས་བྱས་པས་རེད།