དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་ཀྱིས།

    2023ལོའི་ལོ་སྟོད་ཀྱི་བརྐུས་དངོས་སློག་པའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-25

    འདི་ནི་མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་ཀྱིས་འདི་ལོའི་ལོ་སྟོད་ཀྱི་བརྐུས་དངོས་སློག་པའི་མཛད་སྒོ་འཚོགས་པ།

    ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་ཀྱིས་2023ལོའི་ལོ་སྟོད་ཀྱི་བརྐུས་དངོས་སློག་པའི་མཛད་སྒོ་འཚོགས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་2023ལོའི་ཚུན་དུ་མལ་གྲོ་གུང་དཀར་རྫོང་གིས་རྩད་བཅད་པའི་གྱོད་གཞིའི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། གནོད་འཚེ་ཕོག་མཁན་ལ་རྐུན་འགོག་བསླུ་འགོག་ཤེས་བྱ་དང་དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་པར་མང་ཚོགས་ཀྱི་ཁས་ལེན་ཐོབ་པ་རེད།

    རྫོང་དེའི་སྤྱི་བདེ་ཅུས་ཀྱི་འགན་འཁུར་བས་2023ལོའི་སློབ་གསོ་བཅོས་སྒྲིག་གི་གྲུབ་འབྲས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་ཆེད། “སྤྱོད་ཚུལ་འཛུགས་སྐྱོང་ལོ”དང“བྱེད་སྒོ་གསུམ”གྱི་སློབ་གསོའི་བྱེད་སྒོ་་དམ་འཛིན་བྱ་གཞིར་བྱས་པ་དང་། “མང་ཚོགས་ཀྱི་ཁེ་ཕན་ཡིན་ཕྱིན་དོན་ཆུང་མེད་པའི”ཉེས་དོན་མྱུལ་ཞིབ་ལས་དོན་གྱི་འདུ་ཤེས་བརྟན་པོ་བཙུགས་པ།“གྱོད་གཞི་ཆེན་པོ་མགྱོགས་མྱུར་རྩད་གཅོད་དང་གྱོད་གཞི་ཆུང་ངུ་མང་ཙམ་རྩད་གཅོད”ཀྱི་ལས་ཀའི་རྩ་དོན་མཐའ་འཁྱོངས་བྱས་ཏེ། རྒྱུ་ནོར་རྐུ་འཕྲོག་བསླུ་གསུམ་གྱི་ཉེས་གསོག་ལ་རྡུང་རྡེག་དང་གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གསར་པར་རྡུང་རྡེག་བཏང་ཞིང་། གྱོད་གཞི་རྩད་གཅོད་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་དམངས་འཚོར་ཕན་པ་བཏགས་པའི་བྱ་སྤྱོད་དངོས་ལ་མི་དམངས་མང་ཚོགས་ཀྱི་ཁས་ལེན་ཐོབ་པ་རེད།

    རྫོང་དེས་2023ལོའི་ལོ་སྟོད་དུ་ཉེས་དོན་གྱོད་གཞི་60བདག་སྤྲོད་དང་ཐོ་བཀོད་པའི་ནང་། གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་40ཡོད་པ་དེས་ཉེས་དོན་གྱོད་གཞིའི་67%བཟུང་བ་དང་། མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་391695ཟིན་པའི་བཙོག་དངུལ་དང་བཙོག་དངོས་ཚུར་བླངས་པའི་ནང་གློག་འཕྲིན་དྲ་རྒྱ་ནས་ཁ་བསླུས་བརྒྱབ་པའི་དངུལ་སྒོར་314800ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།