དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སྣེ་གདོང་ཆུས་སྤྱི་བདེ་ཅུས་མྱུར་བགྲོད་གཞུང་ལམ་ས་ཚིགས་ཀྱིས།

    ཉེས་གསོག་དོགས་ཅན་གཅིག་བཟུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-25

    ཉེ་ཆར་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྤྱི་བདེ་ཅུས་མྱུར་བགྲོད་གཞུང་ལམ་ས་ཚིགས་ཀྱི་སྡོད་བྱའི་མི་དམངས་ཉེན་རྟོག་པས་ལྷ་ས་གྲོང་ཁྱེར་ནས་སྣེ་གདོང་ཆུས་ལ་སྐྱོད་མཁན་འཁོར་རྟགས་བོད་A···ནུས་རྒྱུ་གསར་པའི་རླངས་འཁོར་ཆུང་གྲས་གཅིག་ལ་འཆར་ཅན་བརྟག་དཔྱད་བྱེད་སྐབས། ཉེས་གསོག་དོགས་ཅན་ཀུན་ཆེ་གེ་མོ་ཤེས་རྟོགས་ཐུབ་ནས་འཕྲལ་མར་བཀག་ཉར་བྱས་པ་རེད། ཀུན་ཆེ་གེ་མོ་ནི་རྒྱག་རེས་བརྒྱབ་པའི་རྐྱེན་གྱིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་བདེ་ཡན་ལག་ཅུས་གླིང་གཉིས་མངགས་གཏོང་ཁང་གིས་འཛིན་བཟུང་བཀའ་རྒྱ་བཏང་བའི་ཉེས་གསོག་དོགས་ཅན་ཡིན་ཞིང་། མིག་སྔར་ཁོ་པ་ཁྲིམས་ལྟར་འབྲེལ་ཡོད་ལས་ཁུངས་ལ་རྩིས་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།