བྲག་གཡབ་སྤྱི་བདེས།
དབྱར་དུས་ཀྱི་རྡུང་རྡེག་དང་བཅོས་སྒྲིག་ལས་དོན་སྤེལ་འགོ་ཚུགས་པ།
ཉེ་ཆར། བྲག་གཡབ་རྫོང་སྤྱི་བདེ་ཅུས་ཀྱིས་ཉེན་ཁ་སྔོན་འགོག་དང་། བརྟན་ལྷིང་འགན་ལེན། བདེ་འཇགས་སྲུང་སྐྱོང་བཅས་དམིགས་ཚད་དུ་བྱས་ནས་སྒྲིག་འཛུགས་ཞིབ་ཚགས་དང་མཐུན་སྦྱོར་དམ་ཟབ་བྱས་ཏེ། ཉེན་རྟོག་པ་185དང་ཉེན་རྟོག་པའི་རླངས་འཁོར་20སྒྲིག་འཛུགས་བྱས་ཏེ་དབྱར་དུས་ཀྱི་བདེ་འཇགས་བཅོས་སྒྲིག་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་རེད།
ཉེན་རྟོག་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གང་ཐུབ་ཅི་ཐུབ་ཀྱིས་ཉེན་རྟོག་པ་ཁྲོམ་གཞུང་དང་འཐབ་ཕྱོགས་དང་པོར་བཀོད་སྒྲིག་བྱས་ཏེ། དྲག་ཆས་སྐོར་གཡེང་དང་། རྐང་ཐང་སྐོར་གཡེང་། མཚན་མོའི་སྐོར་གཡེང་། བརྙན་ལམ་སྐོར་ཞིབ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་རྒྱུན་རྣམ་ཅན་དང་། དྲ་མིག་ཅན། ཕྱོགས་བསྡུས་ཅན་བཅས་ཀྱི་སྐོར་གཡེང་དང་འགོག་སྲུང་བྱས་ནས“སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས”ཞིབ་ཚགས་སུ་བཏང་ཡོད། དེ་དང་ཆབས་ཅིག་གཙོ་གནད་ལས་རིགས་ཀྱི་བྱེད་སྒོ་སྤེལ་ཡུལ་དང་བདེ་སྲུང་རྙོག་འཛིང་ཆེ་བའི་ས་ཁོངས་སུ་ཉེན་རྟོག་པ་བཀོད་སྒྲིག་བྱས་ནས་མགྱོགས་མྱུར་བྱ་སྤྱོད་སྤེལ་བའི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ། ཆང་རག་བཏུངས་ནས་ཟིང་སློང་བ་དང་། དོན་མེད་བསྙད་རྐོ་བ། རྒྱག་རེས་རྒྱག་པ་སོགས་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་དུས་ཐོག་ཏུ་རྡུང་རྡེག་དང་ཐག་གཅོད་བྱས་ནས་ཉེན་རྟོག་པས་གྱོད་གཞི་ཐག་གཅོད་བྱེད་ཚད་དང་། དོན་དག་སྒྲུབ་ཚད། ཚོད་འཛིན་བྱེད་ཚད། ཟིལ་གནོན་གྱི་ནུས་པ་བཅས་ཆེ་རུ་ཏན་ཏིག་བཏང་བ་རེད།
ད་ཐེངས་ཀྱི་བྱ་སྤྱོད་ལ་KTV8དང་། ཨར་ཁང་6 ནང་མ་ཁང་6 བོད་ཟས་ཟ་ཁང་18 ཇ་ཁང་11 རྐང་པ་འཁྲུད་ས་12 གཟུཌ་པོ་འཁྲུད་ས་4 ཚོང་ཁང་17 མགྲོན་ཁང་13བཅས་དང་རིགས་ཁག་གི་མི་292ལ་ཞིབ་བཤེར་བྱས་པ་མ་ཟད། གྲི་གཅིག་1གཞུང་བཞེས་བཏང་བ་རེད། བྱ་སྤྱོད་ལ་ཁྱོན་རླངས་འཁོར་120ལྷག་ཙམ་དང་ལག་ཁྱེར་མེད་པར་རླངས་འཁོར་གཏོང་མཁན་2ཞིབ་བཤེར་ཐག་གཅོད་བྱས་པ་དང་། ཁྲིམས་འགལ་ངང་བཟོ་བཅོས་བརྒྱབ་པའི་རླངས་འཁོར་1ཐག་གཅོད་བྱས་པ། ཁྲིམས་འགལ་བྱེད་སྤྱོད་ཡང་བའི་མི་6ལ་སློབ་གསོ་བཏང་བ་རེད།