དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་སྐྱོང་ལྗོངས་སྲིད་གཞུང་གི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས།

    ལྟ་སྐུལ་དོ་དམ་ཁེ་ལས་ཁག་སྒྲིག་འཛུགས་བྱས་ཏེ་ནུས་རྒྱུ་བསྲི་ཚགས་དང་ཐཱན་འབུད་ཉུང་གཏོང་བྱ་སྤྱོད་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-25

    ཉེ་ཆར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ནུས་རྒྱུ་བསྲི་ཚགས་དྲིལ་བསྒྲགས་གཟའ་འཁོར་ལ་བརྟེན་ནས་ལྟ་སྐུལ་དོ་དམ་ཁེ་ལས་ཁག་སྒྲིག་འཛུགས་བྱས་ཏེ་བོད་ལྗོངས་མཐོ་བརྩོན་ཨར་སྐྲུན་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སིར(གཤམ་དུ་མཐོ་བརྩོན་ཀུང་སི་ཞེས་བསྡུ་རྒྱུ)ནུས་རྒྱུ་བསྲི་ཚགས་དང་ཐཱན་འབུད་ཉུང་གཏོང་བྱ་སྤྱོད་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། སྔོན་ཐོན་གྱི་ཉམས་མྱོང་དང་བྱེད་སྟངས་འོས་སྦྱོར་བྱས་ཏེ་ནུས་རྒྱུ་བསྲི་ཚགས་དང་ཐཱན་འབུད་ཉུང་གཏོང་གི་སྔོན་ཐོན་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད། ཁེ་ལས་ཁག་གི་ནུས་རྒྱུ་བསྲི་ཚགས་དང་ཐཱན་འབུད་ཉུང་གཏོང་གི་འདུ་ཤེས་དང་ནུས་པ་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ལྟ་སྐུལ་དོ་དམ་ཁེ་ལས་ཁག་གི་འཐུས་མིས་མཐོ་བརྩོན་ཀུང་སིའི་ཁེ་ལས་འགྲེམས་ཁང་དང་ལྟེ་བའི་ཚོད་འཛིན་ཁང་ལ་ལྟ་སྐོར་བྱས་པ་དང་། མཐོ་བརྩོན་ཀུང་སིའི་ནུས་རྒྱུ་བསྲི་ཚགས་དང་ཐཱན་འབུད་ཉུང་གཏོང་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་ཉན་པ། ཁེ་ལས་ཁག་གཅིག་གི་འཐུས་མིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

    ལྟ་སྐུལ་དོ་དམ་ཁེ་ལས་ཁག་གི་འཐུས་མིས་ད་ཐེངས་ཀྱི་དྲིལ་བསྒྲཌ་བྱེད་སྒོ་གོ་སྐབས་སུ་བྱས་ཏེ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཁེ་ལས་ཀྱི་དོན་དངོས་ལ་གཞི་ཚུཌ་པ། ནུས་ཤུཌ་ཡོད་རྒུས་ཁེ་ལས་ཀྱི་ནུས་རྒྱུ་བསྲི་ཚཌ་དང་ཐཱན་འབུད་ཉུང་གཏོང་ལས་དོན་ཡག་པོ་སྒྲུབ་པ། ཁེ་ལས་ཀྱི་སྤྱི་ཚོཌ་འགན་འཁྲི་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།