ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས།
“ངའི་ཧྥུང་ཆའོ་ཡི་སྐོར་ངས་བརྗོད”ཅེས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་བྱས་པ།
ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་གྲོང་ཁྱེར་ཡོངས་ཀྱིས་ཧྥུང་ཆའོ་རྣམ་པའི་སྤྱི་བདེ་མངགས་གཏོང་ཁང་འཛུགས་གཏོད་བྱེད་པའི“ངའི་ཧྥུང་ཆའོ་ཡི་སྐོར་ངས་བརྗོད”ཅེས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་བྱས་པ་རེད།
འགྲན་བསྡུར་བྱེད་རིང་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ནས་ཡོང་བའི་མངགས་གཏོང་ཁང་9ཡིས་རིམ་པ་བཞིན་འགྲན་བསྡུར་བྱས་ཏེ། བོད་ཀྱི“ཧྥུང་ཆའོ་རྣམ་པའི་སྤྱི་བདེ་མངགས་གཏོང་ཁང”ཁག་གཉིས་པའི་དཔྱད་བསྡུར་ལ་ཞུགས་པའི་སྤ་སེ་རག་ཐབས་བྱས་པ་རེད། འགྲན་བསྡུར་ལ་ཞུགས་མཁན་བདམས་ཐོན་པས་བྱེད་སྒོའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པའི་ཁར། རང་སོ་སོའི་མངགས་གཏོང་ཁང་གི་ཁྱད་ཆོས་ལ་གཞི་བཙུགས་ཏེ། ལྟ་ན་སྡུག་པའི་པར་རིས་དང་། མི་སེམས་འགུལ་བའི་གཏམ་རྒྱུད། རྔམ་བརྗིད་ལྡན་པའི་བསྒྲགས་གཏམ་བཅས་ཀྱི་ཐོག་ནས་གྲོང་ཁྱེར་ཡོངས་ཀྱི་མངགས་གཏོང་ཁང་གིས་ཁོངས་གཏོགས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་དང་། ཡུལ་དེའི་དུས་བདེ་སྲུང་སྐྱོང་། མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ། སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བསམ་པའི་ཉམས་འགྱུར་ཡག་པོ་གང་ལེགས་མངོན་པར་བྱས་ནས་ཉིང་ཁྲིའི་ཉེན་རྟོག་པའི་རྣམ་པ་མི་འདྲ་བ་ཞིག་ཐུན་མོང་ཐོག་བཏོད་ཡོད།