དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བྲག་ཡིབ་ཆུས་མི་དམངས་ཁྲིམས་ཁང་གིས།

    ཁྲིམས་སྐྱོང་སློབ་ཚན་ཁྲིམས་ཁང་དུ་ཁྲིད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-25

    གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་སྔར་བས་སྲུང་སྐྱོང་དང་ཁོ་ཚོའི་ཁྲིམས་སྐྱོང་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་ཆེད། ཉེ་ཆར། བྲག་ཡིབ་ཆུས་མི་དམངས་ཁྲིམས་ཁང་གིས་ཉིང་ཁྲི་གྲོང་ཁྱེར་ཀོང་ཏུང་ཚོད་ལྟའི་སློབ་འབྲིང་གི་དགེ་སློབ་ཀྱི་འཐུས་མི་70ལྷག་ཙམ་ཁྲིམས་ཁང་དུ་ཁྲིམས་རའི་རྣམ་པ་དང་ཁྲིམས་ཁང་གི་རིག་གནས་ཉམས་ལེན་བྱེད་པར་གདན་དྲངས་པ་རེད།

    གྱོད་དོན་ཐོ་འགོད་ཁྲིམས་རའི་ཁྲིམས་དཔོན་གྱིས་དགེ་སློབ་70ལྷག་ཙམ་ཁྲིད་དེ་གཏུག་བཤེར་ཞབས་ཞུ་ཚོམས་ཆེན་དང་། དམངས་ཕན་ཞབས་ཞུ་ཁུལ། ཁྲིམས་རྩོད་འདུམ་སྒྲིག་ཁང་། གཉེན་སྒྲིག་ཁྱིམ་དོན་འདུམ་སྒྲིག་ཁང་སོགས་སུ་ལྟ་སྐོར་བྱས་པ་རེད། སློབ་མ་ཚོར་གྱོད་དོན་ཐོ་འགོད་ཁྲིམས་ར(གཏུག་བཤེར་ཞབས་ཞུ་ལྟེ་གནས)ཡི་བྱེད་ནུས་གཙོ་བོ་དང་བྱེད་ནུས་ཁུལ་ཁག་གི་ནུས་པ་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་འབྲེལ། ས་གནས་ས་ཐོག་གི་མཉམ་འགུལ་བྱེད་སྒོ་བཀོད་སྒྲིག་ཀྱང་བྱས་ཤིང་། སློབ་མ་ཚོས་མཉམ་འགུལ་ཧུར་ཐག་བྱས་ནས་རང་ཉིད་ཀྱིས་དགའ་པོ་བྱེད་པའི་བཅའ་ཁྲིམས་ཀྱི་གནད་དོན་ཐད་གྲོས་བསྡུར་དང་སྤེལ་རེས་བྱས་པ་རེད།

    སློབ་མ་ཚོས་ད་དུང་ཁྲིམས་ར་འཚོགས་ནས་ཁ་བསླུས་བརྒྱབ་པའི་གྱོད་གཞི་འདྲི་གཅོད་བྱེད་པ་ཟུར་ཉན་བྱས་པ་རེད། ད་ཐེངས་ཀྱི་བྱེད་སྒོར་ཞུགས་པ་དང་ཟུར་ཉན་བྱས་པ་བརྒྱུད་ཕན་པ་མི་དམན་པ་ཐོབ་པ་དང་། དཔེ་དེབ་ནས་སྦྱོང་མི་ཐུབ་པའི་ཤེས་བྱ་ཤེས་པ། དུས་རབས་གསར་པའི་གཞོན་ནུ་གསར་པ་ཞིག་ཡིན་པའི་ང་ཚོས་ཁྲིམས་སྐྱོང་གི་འདུ་ཤེས་དང་ཁྲིམས་སྐྱོང་གི་བྱང་ཚད་རང་རྟོགས་ངང་མཐོ་རུ་བཏང་སྟེ། བཅའ་ཁྲིམས་ཀྱི་དམར་ཐིག་ལ་གཏན་ནས་མི་ཐུག་པ་བྱེད་དགོས་ལུགས་ཤེས་བྱུང་ཞེས་ཚང་མས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།