དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཡག་ར་མཐའ་མཚམས་མངགས་གཏོང་ཁང་གིས།

    དྲ་ཐོག་གི་ཁྲིམས་སའི་འདྲི་གཅོད་ཟུར་ཉན་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-25

    མི་དམངས་ཉེན་རྟོག་པའི་ཁྲིམས་སྒྱུར་འདུ་ཤེས་དང་བྱང་ཚད་སྔར་བས་མཐོ་རུ་གཏོང་བ་དང་། གྱོད་དཔེས་ཁྲིམས་འགྲེལ་གྱི་ལམ་ལུགས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ། གོ་རིམ་གྱི་འདུ་ཤེས་དང་། དཔང་རྟགས་ཀྱི་འདུ་ཤེས། གཏུག་བཤེར་གྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་ཆེད། ཉེ་ཆར། བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཡག་ར་མཐའ་མཚམས་མངགས་གཏོང་ཁང་གིས་ཀྲུང་གོའི་ཁྲིམས་སའི་འདྲི་གཅོད་ཡོངས་བསྒྲགས་དྲ་བར་བརྟེན་ནས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་དྲ་ཐོག་གི་ཁྲིམས་སའི་འདྲི་གཅོད་ཟུར་ཉན་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། ཡག་ར་མཐའ་མཚམས་མངགས་གཏོང་ཁང་གིས་ལས་ཀའི་གནས་ཚུལ་དངོས་ལ་གཞིགས་ནས་སྤྱི་བདེའི་ཁྲིམས་སྒྱུར་སྲིད་འཛིན་གཏུག་བཤེར་དང་ལས་གནས་ཉེས་གསོག་སོགས་ལས་མི་དམངས་ཉེན་རྟོག་པའི་བཅའ་ཁྲིམས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་། ཁྲིམས་སྒྱུར་བྱ་ཐབས་ལེགས་སུ་གཏོང་བ། སྲིད་གཙང་ཉེན་ཟོན་གྱི་སློབ་གསོ་སོགས་དམིགས་ཡུལ་དུ་བྱས་པའི་དཔེ་མཚོན་གྱོད་དཔེ་གཙོ་བོར་ཟུར་ཉན་བྱས་པ་རེད། ཁྲིམས་སའི་འདྲི་གཅོད་ཀྱི་བརྒྱུད་རིམ་ཁྲོད་གཏུག་རྩོད་ཕྱོགས་གཉིས་པོས་རྩོད་གླེང་དྲག་པོ་བྱས་ཏེ། ཤེས་ཚོར་སྐྱེན་པོ་དང་། གནད་ལ་འཁེལ་བའི་སྐད་ཆ། དེ་བཞིན་བཅའ་ཁྲིམས་ཀྱི་ཤེས་བྱ་སྤྱོད་མཁས་པོ་བཅས་བྱས་པས་མི་དམངས་ཉེན་རྟོག་པས་གྱོད་གཞི་ཞིབ་གཅོད་དང་རྩོད་གླེང་གི་བརྒྱུད་རིམ་ཧྲིལ་པོ་དངོས་སུ་མྱོང་ཚོར་ཐུབ་ཅིང་། ཚད་ལྡན་གྱི་ཁྲིམས་སྒྱུར་གོ་རིམ་དང་གཅིག་ལ་གཅིག་བརྟེན་གྱི་དཔང་རྟགས་ཀྱིས་ཁྲིམས་སའི་འདྲི་གཅོད་ཁྲོད་ཐོན་པའི་ཐག་གཅོད་རང་བཞིན་དང་འགག་རྩའི་རང་བཞིན་ལ་ཐད་ཀར་ངོས་འཛིན་དང་ཤེས་རྟོགས་ཐུབ་པ་དང་། མི་དམངས་ཉེན་རྟོག་པས་དཔང་རྟགས་བསྡུ་རུབ་དང་། གཏན་འཁེལ། བེད་སྤྱོད་བཅས་ཀྱི་གྱོད་སྒྲུབ་ཀྱི་ནུས་པ་ཆེ་རུ་བཏང་ནས་མི་དམངས་ཉེན་རྟོག་པའི་བཅའ་ཁྲིམས་ཀྱི་བྱང་ཚད་དང་ཁྲིམས་སྒྱུར་ཆུ་ཚད་ཀྱི“ཕྱོགས་གཉིས་ལ་སྐུལ་འདེད”དང“ཕྱོགས་གཉིས་མཐོར་གཏོང”མངོན་འགྱུར་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།