དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་ནས་རྒྱལ་ཁའི་ཕྱོགས་སུ་མདུན་སྐྱོད་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-25

    འདི་ནི་རང་སྐྱོང་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་ཆུ་ནང་རོགས་སྐྱོབ་ཀྱི་སྦྱོང་བརྡར་བྱེད་བཞིན་པ།

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རང་སྐྱོང་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པར་བྱས་ཏེ། བྱེད་ཐབས་ནུས་ལྡན་སྤྱོད་པ་དང་། བྱེད་སྒོ་སྣ་མང་སྤེལ་བ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། འཚོལ་བཤེར་བཅོས་སྒྲིག་བཅས་འབྲེལ་མཐུད་བྱེད་པ། ཟུང་འབྲེལ་ནུས་ལྡན་དང་སྡེབས་གཅིག་ལ་སྐུལ་འདེད་གཏོང་བ། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞིར”ཤུགས་རྒྱག་པ་བཅས་བྱས་ཁར། རྒྱ་ཆེའི་བཀོད་འཐབ་པས་མཐའ་མཚམས་སྲུང་སྐྱོང་དང་། སེམས་པ་ཀྲུང་དབྱང་ལ་ཕྱོགས་པ། སྲོག་ཤིང་ལ་སྲུང་སྐྱོང་བཅས་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་བརྟན་དུ་གཏོང་རྒྱུ་ཁྲིད་སྟོན་དུ་བྱས་ཏེ། སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་བཅས་ལ་ཕན་འབྲས་ཏན་ཏིག་ཐོན་པར་བྱས་པ་རེད།

    “བརྟན་ལྷིང”ལ་དམིགས་ནས་ཇུས་འགོད་ཞིབ་ཚགས་བྱས་ཏེ།

    “གཅིག་མཐུན་འདུས་གྲུབ”ཀྱི་འདུ་ཤེས་བརྟན་པོ་བཙུགས་པ།

    རང་སྐྱོང་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོ་མཐའ་འཁྱོངས་བྱ་རྒྱུ་དེ་སྤྱི་ཡོངས་དང་འབྲེལ་བའི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱས་ཤིང་། ཚད་མཐོའི་མཐོང་ཆེན་དང་དངོས་སྒྲུབ་ཇུས་འགོད་ཀྱི་དགེ་མཚན་ལྡན་པའི་རྣམ་འགྱུར་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་ཆེན་པོ་ཐོབ་པ་དང་ཏན་ཏིག་ངང་སྤེལ་ཐུབ་པའི་འགན་ལེན་བྱས་ཡོད།

    སྤྱི་ཁྱབ་རུ་ཁག་དེས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་མི་རིགས་མཐུན་སྒྲིལ་འཛུགས་གཏོད་དང་། གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དྲིལ་བསྒྲགས་སློབ་གསོ། བཀོད་འཐབ་པའི་སློབ་སྦྱོང་ཆེན་པོ། གྲོང་གསེབ་དར་རྒྱས་ལ་རམ་འདེགས། དུས་བདེའི་བོད་ལྗོངས་འཛུགས་སྐྲུན། ལས་རིགས་རིག་གནས་ཀྱི་བྱ་སྤྱོད་བཅས་ཚུད་པའི《ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི“བྱ་སྤྱོད་ཆེན་པོ་དྲུག”གི་ལག་བསྟར་ཇུས་གཞི》ཞིབ་འཇུག་བྱས་ནས་བཟོས་པ་མ་ཟད། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གྲུབ་འབྲས་གལ་ཆེན་སྤྱད་དེ་ས་མཐོའི་འཕྲལ་སྡོམ་རོགས་སྐྱོབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཁྲིད་སྟོན་བྱས་ཡོད། “སློབ་སྦྱོང་གཉིས་དང་། སྲུང་སྐྱོང་གཉིས། ཚད་ལོན་གཉིས”བཅས་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་ནང་ཁུལ་གྱི་འབྲེལ་བ་ཟབ་ཏུ་གཏོང་བའི་ཁྲོད་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་ཡོད། སྤྱི་ཁྱབ་རུ་ཁག་དང་། ཉིང་ལག་རུ་ཁག རུ་ཆེན། རུ་འབྲིང་བཅས་རིམ་བཞིའི་མཉམ་འགུལ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལ་དམ་འཛིན་བྱས་པར་བརྟེན་མཉམ་སྡེབ་3དང་མི་སྒེར་2ལ་རང་སྐྱོང་ལྗོངས་དང་གྲོང་ཁྱེར(ས་ཁུལ)རིམ་པ་གཉིས་ཀྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ(མི་སྒེར)ཀྱི་མཚན་སྙན་ཐོབ་ཡོད།

    “སྐྱེ་ཁམས”ལ་དམིགས་ནས་དག་ཐེར་དངོས་བྱས་ཏེ།

    “གཙོ་ཤུགས་དམག”གི་ནུས་པ་འདོན་སྤེལ་བྱས་པ།

    རང་སྐྱོང་ལྗོངས་ནཌ་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་སློབ་སྦྱོང་བྱེད་ཀྱིན་་ལྟ་བསྡུར་དང་། འཚོལ་བཤེར། དག་ཐེར་བཅས་མཐའ་འཁྱོངས་བྱེད་པའི་བཀོད་སྒྲིག་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ཏེ་སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ་མཐའ་འཁྱོངས་ཀྱིས་སློབ་སྦྱོང་བྱེད་སྐབས་གནད་དོན་ལ་དམིཌ་པ་དང་གནད་དོན་དག་ཐེར་བྱས་ཡོད།

    “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོར་བཙུགས་ནས་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ནང་ཧུར་ཐག་ཞུགས་ཡོད། སྤྱི་ཁྱབ་རུ་ཁག་དེས་འགན་ནུས་དང་། སྒྲིག་ཆས། ཆེད་ལས་བཅས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། ལྷ་ས་གྲོང་ཁྱེར་གྱི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་ཞུགས་ཏེ་ཤིང་འཛུགས་བདག་སྐྱོང་གི་ལས་དོན་དམ་འཛིན་ཡག་པོ་བྱས་ཡོད། རང་སྐྱོང་ལྗོངས་ཀྱི་ནགས་ཚལ་མེ་ཟོན་འཆར་འགོད་ནང་ཧུར་ཐག་ཞུགས་ནས་ས་གནས་ཀྱི་ནགས་ཚལ་མེ་ཟོན་སྔོན་འགོག་བཀོད་འདོམས་ལས་དོན་ལ་གཞོགས་འདེགས་བྱས་ཏེ་མཉམ་འབྲེལ་ཐོག་ལྟ་སྐུལ་ཞིབ་བཤེར་བྱས་པ་མ་ཟད། མེ་ཟོན་གཞུང་ལམ་དང་། བར་བཅད་ཁུལ། རྫིང་བུ་སོགས་ནགས་ཚལ་མེ་ཟོན་གྱི་རྨང་གཞིའི་སྒྲིག་བཀོད་མཐུན་སྦྱོར་དང་འཐུས་སྒོ་ཚང་དུ་བཏང་བར་བརྟེན་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་མཉམ་ཤུགས་ཤིག་ཆགས་ཡོད།

    “མཐའ་སྟོབས”ལ་དམིགས་ཏེ་བྱ་སྤྱོད་དངོས་སྤེལ་ནས།

    “རྒྱལ་ཁབ་རུ་ཁག”གི་འགན་འཁྲི་འཁུར་སེམས་མངོན་པར་བྱས་པ།

    རང་སྐྱོང་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བའི་བླང་བྱ་ལག་བསྟར་དང“དངོས་སྒྲུབ་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”ཞིབ་ཕྲའི་དམིགས་ཚད་ལ་དམིགས་ནས་མེ་ཟོན་ལས་འགན་ཧུར་ཐག་བསྒྲུབས་ཡོད།

    འདི་ལོའི་ཟླ་5པའི་བར་སྤྱི་ཁྱབ་རུ་ཁག་དེས་ལྷོ་ཁའི་ཡུལ་སྨད་ཤང་དང་གཞིས་རྩེའི་འདྲེན་ཐང་གྲོང་རྡལ་སོགས་མཐའ་མཚམས་ནགས་ཁུལ་དུ་ནགས་ཚལ་མེ་ཟོན་ས་ཚིགས་13བཙུགས་པ་མ་ཟད། 2020ལོའི“4.14”ཡི་མེ་གསོད་དམག་འཐབ་དང་2023ལོའི“1.17”གྱི་གངས་རྡིབ་རོགས་སྐྱོབ་ཀྱིས་མཚོན་པའི་ཕྱོགས་བསྡུས་རང་བཞིན་གྱི་འཕྲལ་སྡོམ་རོགས་སྐྱོབ་ལས་འགན་ཁག་86ལེགས་སྒྲུབ་བྱས་ཡོད།

     

    འདི་ནི་རང་སྐྱོང་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་ཐད་འཕུར་གནམ་གྲུ་ནས་འབབ་པའི་སྦྱོང་བརྡར་བྱེད་བཞིན་པ།

    འདི་ནི་རང་སྐྱོང་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་ཧྥུའུ་ཅན་ཀུའུ་ཐེན་དུ་སྤེལ་བའི་བརྗོད་དོན་གཙོ་བོའི་སློབ་གསོའི་རིགས་པའི་གཞུང་ལུགས་ཀྱི་རེས་སྐོར་གསོ་སྦྱོང་ལ་ཞུགས་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།