དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས།

    ​ ཡུལ་ཟོག་བཟའ་བཅའི་ཐོན་རྫས་ལ་ཆེད་དོན་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-25

    འདི་ནི་ཁྲིམས་སྒྱུར་པས་བརྟག་དཔྱད་བྱེད་བཞིན་པ།

     ཡུལ་ཟོག་ཐོན་རྫས་གཉེར་སྐྱོང་གི་བྱ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་ནས་ཡུལ་ཟོག་བཟའ་བཅའི་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་འགན་ལེན་བྱ་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཡུལ་ཟོག་བཟའ་བཅའི་ཐོན་རྫས་ཀྱི་ཆེད་དོན་ཞིབ་བཤེར་བྱ་སྤྱོད་སྤེལ་ནས་ཡུལ་ཟོག་ཐོན་རྫས་གཉེར་སྐྱོང་ཚན་པ་ཅུང་གཅིག་སྡུད་ཡིན་པའི་ས་ཁོངས་ལ་གཙོ་གནད་དུ་ཆེད་དོན་ཞིབ་བཤེར་བྱས་ཏེ། རྒྱ་ཆེའི་འཛད་སྤྱོད་པས་ཡུལ་ཟོག་ཉོ་སྐབས་བློ་བདེ་བ་དང་ཟ་དུས་སེམས་ཁྲལ་མེད་པར་བྱས་པ་རེད།

    ཁྲིམས་སྒྱུར་པས་ལག་ཁྱེར་མཐོང་སར་བཀལ་ནས་གཉེར་སྐྱོང་བྱེད་རྒྱུ་དོན་འཁྱོལ་ནན་པོ་བྱས་ཏེ་ཐོན་རྫས་ཉོ་འདྲེན་ཐབས་ལམ་དང་ཉོ་ཚོང་འཛིན་ཤོག་ལ་ཞིབ་བཤེར་བྱས་པ་མ་ཟད། གཉེར་སྐྱོང་པར་ཁྲིམས་ལྟར་ལག་ཁྱེར་དང་སྤ་སེ་ལེན་པ་དང་ཉོ་འདྲེན་དཔྱད་བཤེར་ལམ་ལུགས་དོན་འཁྱོལ་བྱེད་པར་མཛུབ་ཁྲིད་ཀྱང་བྱས་པ་རེད། སིལ་ཚོང་བཟའ་བཅའི་གཉེར་སྐྱོང་བྱེད་པོར་ཁྲིམས་སྒྱུར་པས་སྦྲང་བུ་འགོག་པ་དང་། ཐལ་རྡུལ་འགོག་པ། སྦགས་བཙོག་ཐེངས་གཉིས་པ་འགོག་པ་བཅས་དང་། དེ་བཞིན་མཚོན་རྟགས་ཚད་ལྡན་བཟོས་ནས“མེད་པ་གསུམ”དང་། དུས་ཚོད་ཡོལ་བ། རུལ་བ། ངོ་བོ་འགྱུར་བ་བཅས་ཀྱི་བཟའ་བཅའ་གཏན་ནས་བཙོངས་མི་ཆོག་པའི་བླང་བྱ་བཏོན་ཡོད། ཁྲིམས་སྒྱུར་པས་ད་དུང་རྒྱུན་གཏན་གྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་ཁྱབ་གདལ་ཧུར་ཐག་བཏང་ནས་གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་བཏང་ཡོད།

    ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་གནད་ལ་འཁེལ་བའི་འགན་ལེན་བྱ་ཆེད། ཁྲིམས་སྒྱུར་པས་ཁྲིམས་སྒྱུར་ཞིབ་བཤེར་གྱི“ཕྱིར་མིག་ལྟ་བའི”བྱ་སྤྱོད་སྤེལ་ནས་དུས་འགོའི་ཞིབ་བཤེར་ལས་ཤེས་རྟོགས་བྱུང་བའི་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་གཞིགས་ཏེ་དག་ཐེར་དོན་འཁྱོལ་བྱས་ཚུལ་ལ་རིམ་པ་བཞིན་ཞིབ་བཤེར་བྱས་ནས་གཉེར་སྐྱོང་ཚན་པ་ཁག་གིས་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་སྟེ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཏན་ཏིག་བསལ་ནས་གཉེར་སྐྱོང་དང་བྲིན་འཚོང་བྱས་པའི་ཡུལ་ཟོག་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།