དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • རྒྱ་ཚ་རྫོང་གིས་གཞི་རིམ་ལ་སྤོ་བདེའི་མེ་ཟོན་སྦག་སྦག་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-25

    གཞི་རིམ་གྱི་མེ་ཟོན་བདེ་འཇགས་བཅོས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཤང་དང་གྲོང་རྡལ་དང་ཁོངས་གཏོགས་ཁུལ་གྱི་དགོན་སྡེའི་མེ་ཟོན་མི་སྣ་དང་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་དེ་བཞིན་གྲྭ་བཙུན་གྱི་མེ་ཟོན་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ། མེ་ཟོན་བདེ་འཇགས་འགན་ལེན་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྲོམ་གཞུང་དང་མེ་ཟོན་བདེ་འཇགས་ཀྱི་གཙོ་གནད་ཚན་པ་སོགས་ས་ཁོངས་ཀྱི་མེ་སྐྱོན་སྔོན་འགོག་ཚོད་འཛིན་ནུས་པ་ཆེ་རུ་གཏོང་བར་ཁྲིད་སྟོན་བྱ་ཆེད། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་མི་དམངས་སྲིད་གཞུང་གིས་སྤོ་བདེའི་མེ་ཟོན་སྦག་སྦག་སྤྲོད་པའི་མཛད་སྒོ་འཚོགས་ནས་གཞི་རིམ་གྱི་མེ་ཟོན་ལ་ཞུགས་མཁན་ཚན་པར་སྤོ་བདེའི་མེ་ཟོན་སྦག་སྦག་སྤྲད་པ་རེད།

    མཛད་སྒོའི་ཐོག《རྒྱ་ཚ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་སྤོ་བདེའི་མེ་ཟོན་སྦག་སྦག་གི་དོ་དམ་གཏན་འབེབས》སྒྲོག་སྦྱངས་བྱས་པ་དང་། ས་གནས་ས་ཐོག་ཏུ་ངར་རབ་གྲོང་རྡལ་དང་། རྒྱ་ཚ་གྲོང་རྡལ། གླིང་མདའ་ཤང་། ཆོས་འཁོར་རྒྱལ་དགོན་སྡེ་དོ་དམ་ཨུ་ལྷན་སོགས་ཤང་དང་གྲོང་རྡལ་14དང་། དེ་བཞིན་ཁོངས་གཏོགས་ཁུལ་གྱི་དགོན་སྡེ་དོ་དམ་ཨུ་ལྷན་ལ་སྤོ་བདེའི་མེ་ཟོན་སྦག་སྦག་གི་ལྡེ་མིག་སྤྲད་པ་དང་འབྲེལ་གཞི་རྩའི་སྤྱོད་སྟངས་བསླབས་པ་རེད།

    གོམ་སྟབས་རྗེས་མར་རྒྱ་ཚ་རྫོང་མེ་ཟོན་ཁོངས་གཏོགས་ཀྱིས“ཆེད་མངགས་ཀྱི་གཞུང་ལས་བྱ་ཡུལ་ཡོད་པ་དང་། ཆེད་སྤྱོད་ཀྱི་སྒྲིག་ཆས་ཡོད་པ། དམག་འཐབ་མི་སྣ་འདང་ངེས་ཡོད་པ”བཅས་འཛུགས་སྐྱོང་བྱེད་རྒྱུ་དམིགས་ཚད་དུ་བྱས་ཏེ། རོགས་སྐྱོབ་སྒྲིག་ཆས་བཀོད་སྒྲིག་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་མེ་ཟོན་ལས་སྒོའི་སྦྱོང་བརྡར་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། མེ་གསོད་དངོས་འཐབ་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། ཤང་དང་གྲོང་རྡལ་དང་དེ་བཞིན་ཁོངས་གཏོགས་ཁུལ་གྱི་དགོན་སྡེའི་མེ་ཟོན་སྟོབས་ཤུགས་ཨང་དང་པོ་འཛུགས་སྐྱོང་དང་འཕེལ་རྒྱས་འགྲོ་བར་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།