དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀྱིས།

    མགྲོན་ཁང་ལས་རིགས་ཀྱི་ཞབས་ཞུ་དོ་དམ་སྐོར་གྱི་མཉམ་འབྲེལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-18

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀྱིས་ཁྲེང་ཀོན་ཆུས་ཀྱི་མགྲོན་ཁང་ལས་རིགས་ཀྱི་ཞབས་ཞུ་དོ་དམ་སྐོར་གྱི་མཉམ་འབྲེལ་ཚོགས་འདུ་འཚོགས་ཏེ། མགྲོན་ཁང་ལས་རིགས་ཀྱི་དོ་དམ་སྐོར་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་མགྲོན་ཁང་ལས་རིགས་ཚད་ལྡན་གཉེར་སྐྱོང་ལ་སྐུལ་འདེད་བཏང་ཡོད།

    ཚོགས་འདུའི་ཐོག་སྡེ་ཚན་ཁག་ལ་ལྟ་སྐུལ་ཞབས་ཞུའི་འགན་འཁྲི་ཏན་ཏིག་བསྒྲུབས་ཏེ། མགྲོན་ཁང་ལས་རིགས་ལ“རང་མིང་དང་། གནས་ཚུལ་དངོས། གྲངས་འབོར་དངོས། དུས་ཚོད་དངོས”བཅས་ཐོ་འགོད་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱ་རྒྱུའི་སྐུལ་འདེད་གཏོང་དགོས་པ་མ་ཟད། ད་དུང་ཚོང་གཉེར་བྱ་ཡུལ་གྱི་མཐོང་གསལ་ཆེ་སར“ངེས་པར་དུ་ལྔ”དང“འཆལ་རྒྱན་དུག་གསུམ”གཏན་འགོག་སོགས་ཀྱི་མཚོན་རྟགས་དང་བརྡ་སྦྱོར་སྒྲིག་སྦྱོར་བྱེད་དགོས་པ་དང་ཆབས་ཅིག“ངེས་པར་དུ་ལྔ”དང“རང་མིང་འགོད་ལམ་ཐོ་འགོད”སོགས་གཏན་འབེབས་རྣམས་མགྲོན་ཁང་གི་ལས་ཞུགས་མི་སྣ་ལས་ཀར་མ་ཞུགས་གོང་གི་གསོ་སྦྱོང་ནང་དོན་དུ་བརྩིས་ནས་ཤེས་རྟོགས་བྱུང་ཚད་དང་དོན་འཁྱོལ་བྱུང་ཚད་མཐོ་རུ་གཏོང་དགོས། མགྲོན་ཁང་ལས་རིགས་ཁག་གི་ལས་ཞུགས་མི་སྣས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་གཉེར་སྐྱོང་གི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་སྟེ། དུས་རྒྱུན་དུ་གཉེར་སྐྱོང་བྱ་ཡུལ་གྱི་བདེ་འཇགས་ཞིབ་བཤེར་དང་མངོན་མེད་རྐྱེན་ངན་གྲལ་བཤེར་ལས་དོན་སྤེལ་ནས་ནང་ཁུལ་གྱི་བདེ་འཇགས་ཉེན་ཟོན་ལས་དོན་ཏན་ཏིག་སྒྲུབ་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།