དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • མེ་ཏོག་རྫོང་བདེ་ཞིང་ཤང་སྒྲིག་ཨུད་ཀྱིས།

    ཆེད་དོན་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-18

    ཉེ་ཆར། མེ་ཏོག་རྫོང་བདེ་ཞིང་ཤང་སྒྲིག་ཨུད་ཀྱིས་ཆེད་དོན་ལྟ་སྐུལ་གྱི་ཞིབ་བཤེར་ཚོགས་ཆུང་བཙུགས་ནས་གྲོང་ཚོ་ཁག་ཏུ་བསྐྱོད་དེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་ལས་དོན་སྤེལ་བ་དང་། གྲོང་ཚོ“ཨུ་ལྷན་གཉིས”དང་གྲོང་དོན་ལྟ་སྐུལ་ཨུ་ལྷན་གྱི་ཁོངས་མི་དང་བཞུགས་མོལ། ས་གནས་ས་ཐོག་ཏུ་བཅར་འདྲི་དང་། བརྟག་ཞིབ། ལྟ་སྐུལ་མཛུབ་ཁྲིད་བཅས་ཀྱི་བྱེད་ཐབས་བརྒྱུད། གནད་སྨིན་ལྟ་སྐུལ་ནུས་ལྡན་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་རམ་འདེགས་བྱས་པ་རེད།

    མིག་སྔའི་བར་བདེ་ཞིང་ཤང་སྒྲིག་ཨུད་ཀྱིས་སྲིད་འཛིན་གྲོང་ཚོ་3གྱི་གྲོང་གསེབ་དར་རྒྱས་ཀྱི་སྐྲུན་བཞིན་པ་དང་བསྐྲུན་ཟིན་པའི་ཐོན་ལས་རྣམ་གྲངས་12ལ་ལྟ་སྐུལ་ཞིབ་བཤེར་བྱས་ནས། གནད་དོན་2ཤེས་རྟོགས་ཐུབ་པ་དང་། བསམ་འཆར་དང་གྲོས་འགོ་4བཏོན་པ། གནད་དོན་1ལ་སྔར་བས་དོ་ཁུར་དང་ཤེས་རྟོགས་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།