དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • འདི་ལོ་ཚུན་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་གྱོད་གཞི་སྣ་ཚོགས་41800བདག་སྤྲོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-18

    ཉེ་ཆར། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཞབས་ཞུ་དང་འགན་ལེན་གྱི་ཁྲིམས་འཛིན་བྱ་ཐབས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། གསར་འགོད་པས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་ཚུན། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་འདྲི་གཅོད་ལག་བསྟར་ལས་དོན་ལ་གཞི་ཚུགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ། ཁྲིམས་འཛིན་དྲང་གཞག་བཅས་མཐའ་འཁྱོངས་བྱས་ཏེ། ཁྱོན་གྱོད་གཞི་སྣ་ཚོགས་41800བདག་སྤྲོད་དང་གྱོད་གཞི་26546ཞིབ་གཅོད་མཇུག་འགྲིལ་ནས་ལྗོངས་ཡོངས་སུ་སྤུས་ལེགས་ནུས་ཆེའི་ཁྲིམས་འཛིན་ཞབས་ཞུ་འགན་ལེན་བྱས་ཡོད་པ་རེད།

    ཉེས་དོན་གྱོད་གཞི་1161ཞིབ་གཅོད་མཇུག་འགྲིལ་བ།

    ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་ཀྱི་བདེ་འཇགས་བཅས་སྲུང་སྐྱོང་གི་འགན་འཁྲི་ལྕི་པོ་ཁུར་ནས་སྤྱི་བདེ་དང་ཞིབ་དཔྱོད་སོགས་ཚན་པ་དང་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ། སིམ་འཛུལ་གཏོར་བཤིག་དང་། གཏུམ་སྤྱོད་འཇིགས་སྐུལ། གསང་མྱུལ། གསང་བ་རྐུ་བ་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ཉེས་གསོག་སྣ་ཚོགས་ལ་ཁྲིམས་ལྟར་ཆད་པ་ནན་པོ་བཅད་ཡོད། རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། རྐང་བཙུགས་ནས་མི་བསད་པ་དང་འཕྲོག་བཅོམ་བྱས་པ་སོགས་དྲག་ཤུགས་ཀྱི་ཉེས་གསོག་ཚབས་ཆེན་དང་། གློག་འཕྲིན་དང་དྲ་རྒྱའི་ཁ་བསླུས། རྐུ་འཕྲོག་སོགས་ཐོན་མང་བའི་རྒྱུ་ནོར་ལ་གནོད་འཚེ་བཏང་བའི་གྱོད་གཞི་དང་། དེ་བཞིན་ཉེན་ཡོད་འཁོར་གཏོང་ཉེས་གསོག་དང་སྤྱི་པའི་སྒྲིག་ལམ་དཀྲུགས་པའི་ཉེས་གསོག་བཅས་ལ་ཁྲིམས་ལྟར་ཆད་པ་ནན་པོ་བཅད་ཡོད། རྒྱལ་ཡོངས་སུ་བུད་མེད་དང་བྱིས་པ་བསླུ་འཚོང་བྱེད་པའི་ཉེས་གསོག་ལ་རྡུང་རྡེག་གཏོང་བ་སོགས་ཀྱི་ཆེད་དོན་བྱ་སྤྱོད་ནང་ཧུར་ཐག་ཞུགས་པས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་མངོན་གསལ་ཆེ་རུ་ཕྱིན་པ་རེད།

    འདི་ལོ་ཚུན། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཉེས་དོན་གྱོད་གཞི་1161ཞིབ་གཅོད་མཇུག་འགྲིལ་བ་དང་། ཉེས་ཅན་1211ལ་ཆད་པ་བཅད་ཡོད།

    དམངས་དོན་དང་ཚོང་དོན་གྱི་གྱོད་གཞི་15680ཞིབ་གཅོད་མཇུག་འགྲིལ་བ།

    ནུས་ཤུཌ་ཡོད་རྒུས་གཏུག་བཤེར་ཡོང་ཁུངས་བཅོས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པའི“ཁྲིམས་ར་གཉིས”འཛུགས་རྒྱུར་ཤུཌ་སྣོན་དང་། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་གཅིག་འཐུས་རྣམ་པའི་སྣེ་མང་རྩོད་གླེང་དང་གཏུག་བཤེར་ཞབས་ཞུའི་མ་ལག་འཛུགས་སྐྱོང་གི་ས་གནས་ས་ཐོག་གི་སྐུལ་སྤེལ་ཚོགས་འདུ་འཚོགས་པ། 《“ཁག་བགོས་ཁྲུན་གཅོད་ཞིབ་གཅོད”ལམ་སྲོལ་སྒྱུར་བཅོས་ལ་ཕྱོཌ་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བྱ་ཐབས》དང《“དུས་རབས་གསར་པའི་མི་དམངས་ཁྲིམས་ར་དང་འཁོར་ཐོག་ཚན་རྩལ་འཁོར་རྒྱུག་ཁྲིམས་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ཞིབ་འཇུག་བྱས་ནས་བཟོས་ཏེ་གཏུག་བཤེར་མ་བྱས་གོང་གི་འགལ་བ་དང་རྩོད་རྙོག་5911བསལ་བ་རེད།

    འདི་ལོ་ཚུན། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་དམངས་དོན་དང་ཚོང་དོན་གྱི་གྱོད་གཞི་22668བདག་སྤྲོད་བྱས་པ་དང་། གྱོད་གཞི་15680ཞིབ་གཅོད་མཇུག་འགྲིལ་བ། གྱོད་མཇུག་འགྲིལ་བའི་དམིགས་བྱའི་དངུལ་འབོར་སྒོར་དུང་ཕྱུར་57.43ཟིན་ཡོད་པ་རེད།

    ཁོར་ཡུག་ཐོན་ཁུངས་དང་འབྲེལ་བའི་གྱོད་གཞི་38ཞིབ་གཅོད་མཇུག་འགྲིལ་བ།

    ཁོར་ཡུག་ཐོན་ཁུངས་ཀྱི་འདྲི་གཅོད་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས།《བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུཌ་སྐྱོང་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་རྒྱུར་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར》དང་། 《སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཀྱི་ཉེས་དོན་དང་། དམངས་དོན། སྲིད་འཛིན་བཅས་སྡེ་ཚན་གྱི་ལས་དོན་ཚོགས་འདུའི་ལམ་ལུགས》 《སྐྱེ་ཁམས་ཁོར་ཡུག་གི་དམངས་དོན་གྱོད་གཞིའི་གཏུག་བཤེར་གོ་རིམ་གྱི་མཛུབ་ཁྲིད》སོགས་ལམ་ལུགས་ལམ་སྲོལ་བཟོས་ནས་བཏོན་ཡོད།

    འདི་ལོ་ཚུན། ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ཁྱོན་ཡོངས་ནས་འབྱུང་ཁམས་ཁོར་ཡུག་གི་ཁྲིམས་འཛིན་སྲུང་སྐྱོབ་ལ་ཤུགས་སྣོན་བརྒྱབ་སྟེ་ཁོར་ཡུག་ཐོན་ཁུངས་དང་འབྲེལ་བའི་གྱོད་གཞི་ཁག་38ཞིབ་གཅོད་མཇུག་འགྲིལ་བ་རེད།

    དམིགས་བསལ་མི་ཚོགས་ཀྱི་གཏུག་བཤེར་ཞབས་ཞུའི་ཐོགས་མེད་བགྲོད་ལམ་བཏོད་པ།

    དམངས་ཀྱི་དོན་དུ་ཁྲིམས་འཛིན་པའི་བྱེད་ཐབས་ཟབ་ཏུ་བཏང་སྟེ། “དམངས་བདེ”དང“དམངས་ཕན”རྩ་དོན་དུ་བཟུང་ནས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”རྒྱུན་འཁྱོངས་དང་གོང་སྤེལ་དང་། གཅིག་འཐུས་རྣམ་པའི་སྣ་མང་ཅན་གྱི་རྩོད་གཞི་འདུམ་འགྲིག་དང་གཏུག་བཤེར་ཞབས་ཞུའི་མ་ལག་གི་གཞི་གཅིག་འཛུགས་སྐྱོང་ཟབ་གཏོང་། ཤང་དང་གྲོང་རྡལ་གྱི་ཁྲིམས་ར་དང་འཁོར་ཐོག་ཚན་རྩལ་སྐོར་སྐྱོད་ཁྲིམས་རའི་ནུས་པ་འདོན་སྤེལ་གང་ལེགས། “སྒོ་རྩར་ཞབས་འདེགས་ཞུ་བའི”བྱེད་སྒོ་གཏིང་ཟབ་སྤེལ་བ། རྒན་ཞན་ནད་སྐྱོན་སྦྲུམ་སོགས་སོགས་དམིགས་བསལ་མི་ཚོགས་ཀྱི་གཏུག་བཤེར་ཞབས་ཞུའི་ཐོགས་མེད་བགྲོད་ལམ་བཏོད་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་འཛིན་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།