དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ནག་ཆུ་གྲོང་ཁྱེར་གྱིས་རྐང་འཁོར་བཞོན་ནས་དུག་འགོག་དྲིལ་བསྒྲགས་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-18

    འདི་ནི་བྱེད་སྒོ་སྤེལ་རིང་སློབ་མའི་འཐུས་མིས་དུག་འགོག་ཁས་ལེན་མིང་རྟགས་འགོད་བཞིན་པ།

    ནག་ཆུ་གྲོང་ཁྱེར་གྱི་དུག་རྫས་སྔོན་འགོག་དང་སློབ་གསོའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་ནས་རྒྱལ་ཡོངས་ཀྱི་དུག་འགོག་དཔེ་སྟོན་གྲོང་ཁྱེར་ཧུར་ཐག་གཏོད་ཆེད། ཉེ་ཆར་ནག་ཆུ་གྲོང་ཁྱེར་དུག་འགོག་གཞུང་ལས་ཁང་གིས་གསེར་རྙེད་ཆུས་དུག་འགོག་གཞུང་ལས་ཁང་དང་ནག་ཆུ་གྲོང་ཁྱེར་སློབ་གསོ་ཅུས་དང་མཉམ་དུ་དུག་འགོག་གི་དྲིལ་བསྒྲགས་སློབ་གསོ་དང་རྐང་འཁོར་བཞོན་ནས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་མི་དམངས(ལས་རོགས)ཉེན་རྟོག་པའི་འཐུས་མི་དང་། གྲོང་ཁུལ་དུག་འགོག་ཨུ་ལྷན་གྱི་ཁོངས་མི་ཚན་པའི་ལས་བཟོའི་འཐུས་མི། གཞོན་ནུ་ལོ་ཆུང་སློབ་མའི་འཐུས་མི་བཅས་མི་60ལྷག་ཙམ་ལས་གྲུབ་པའི་དང་བླངས་རུ་ཁག་གིས་དུག་འགོག་དྲིལ་བསྒྲགས་ཀྱི་གྱོན་ཆས་གྱོན་ནས་རྐང་འཁོར་བཞོན་ཏེ་དུག་འགོག་དྲིལ་བསྒྲགས་བྱས་པ་རེད།

    ད་ཐེངས་ཀྱི་བྱེད་སྒོར་དྲིལ་བསྒྲགས་དཔྱད་ཡིག་1000ལྷག་ཙམ་དང་དུག་འགོག་དྲིལ་བསྒྲགས་ལག་རྟགས་800ལྷག་ཙམ་སྤྲད་དེ། མང་ཚོགས་མི་700ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།