དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • ལས་དོན་པས་ནན་ཅིང་ཤན་ཤིན་ལམ་གྱི་གཙང་པོ་སྒྲོལ་བའི་ཟམ་པ་སྐྲུན་བཞིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-18

    ཉེ་དུས། ནན་ཅིང་ཤན་ཤིན་ལམ་གྱི་གཙང་པོ་སྒྲོལ་བའི་ཟམ་པའི་ཨར་སྐྲུན་བདེ་བླག་བྱུང་ནས་ཟམ་ཆེན་གྱི་སྟེང་གི་གྲུབ་ཆ་བསྒར་བཞིན་ཡོད་པ་རེད། ནན་ཅིང་ཤན་ཤིན་ལམ་གྱི་གཙང་པོ་སྒྲོལ་བའི་ཟམ་པའི་སྟོད་རྒྱུད་ཀྱི་ནན་ཅིང་སྤར་ཁ་གླིང་འབྲི་ཆུའི་ཟམ་ཆེན་དང་བར་ཐག་སྤྱི་ལེ་6.2ཙམ་དང་སྨད་རྒྱུད་ཀྱི་ནན་ཅིང་ཆི་ཞཱ་རི་བོའི་འབྲི་ཆུའི་ཟམ་ཆེན་དང་བར་ཐག་སྤྱི་ལེ་4.3ཙམ་ཡོད་ཅིང་། དེ་ནི་ནན་ཅིང་གི་གྲོང་ཁུལ་གཙོ་བོ་ཆི་ཞཱ་ཆུས་དང་། ཅང་པེ་ཁུལ་གསར། ནན་ཅིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་བཅས་དང་སྦྲེལ་མཐུད་བྱེད་པའི་སྦྲེལ་ཐག་གལ་ཆེན་ཞིག་ཡིན་ཞིང་། སྤྱིའི་རིང་ཚད་ལ་སྤྱི་ལེ་13.5ཙམ་ཟིན་ཡོད། འདི་ནི་2023ལོའི་ཟླ་7ཚེས་10ཉིན། ལས་དོན་པས་ནན་ཅིང་ཤན་ཤིན་ལམ་གྱི་གཙང་པོ་སྒྲོལ་བའི་ཟམ་པ་སྐྲུན་བཞིན་པ།

    ཉེ་དུས། ཨན་ཧུའེ་ཞིང་ཆེན་ཏུང་ལིན་གྲོང་ཁྱེར་དབྱི་ཨན་ཆུས་ཝུའུ་སུང་གྲོང་རྡལ་ཧུའེ་ཆོན་སྡེ་ཁུལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་སུ་ཐུང་ལིན་སློབ་གླིང་དང་རིག་རྩལ་སློབ་གླིང་གི་སློབ་ཆེན་སློབ་མ་11གིས་དུས་ཡུན་གཟའ་འཁོར་གཅིག་གི་དུས་ཚོད་སྤྱད་དེ་དབྱར་ཁའི་གུང་གསེང་རིང་གཤམ་སྤེལ་གསུམ་གྱི་སྤྱི་ཚོགས་ལག་ལེན་གྱི་སྤྱི་ཕན་སློབ་སྐྱོར་བྱེད་སྒོ་སྤེལ་བ་དང་། སྡེ་ཁུལ་གྱི་གཞིས་ལུས་བྱིས་པ་80ལྷག་ཙམ་ལ་རོལ་མོ་དང་། རི་མོ། རང་སྦྱོང་ཟུར་ཁྲིད་སོགས་བྱས་ནས་ཕྲུ་གུ་ཚོའི་སྤྲོ་སྣང་ལྡན་པའི་དབྱར་གསེང་གི་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་རེད།

    ཉེ་དུས། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་དང་པུ་ཁེ་སེར་སོག་རིགས་རང་སྐྱོང་རྫོང་གིས་ཏང་ཡོན་སློབ་གྲྭ་ཆེ་མོ་བ་མིག་དཔེར་བཟུང་ནས་སྔ་རྗེས་སུ་ཕ་ཡུལ་དུ་ལོག་པའི་སློབ་གྲྭ་ཆེ་མོ་བ་ལས་གྲུབ་པའི“གཤམ་སྤེལ་གསུམ”གྱི་དང་བླངས་ཞབས་ཞུའི་རུ་ཁག་འཛུགས་པར་སྣེ་ཁྲིད་བྱས་ཏེ། ཞིང་པར་རྒྱུན་རྣམ་ཅན་གྱི་ཁ་ཡོད་ལག་ཡོད་ཀྱི་ཞབས་འདེགས་ཞུས་ཤིང་། གུང་གསེང་རིང་སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་ཕུན་སུམ་ཚོགས་སུ་ཕྱིན་ཡོད། འདི་ནི་པུ་ཁེ་སེར་རྫོང་གི་ཕ་ཡུལ་དུ་ལོག་མཁན་སློབ་གྲྭ་ཆེ་མོ་བས་ཁྲ་ཧོ་ཐེ་ཤང་སྲིང་བལ་རྭ་བར་བཟོ་པའི་ས་ནས་སྲིང་བལ་ལ་གཡོག་བྱེད་བྱེད་སྟངས་སྐོར་སློབ་སྦྱོང་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།