2022ལོའི་རྒྱལ་ཡོངས་ཀྱི་སྨན་བཅོས་འགན་བཅོལ་བྱ་གཞག་འཕེལ་རྒྱས་ཀྱི་བསྡོམས་རྩིས་སྤྱི་བསྒྲགས་སྤེལ་བ།
ཉིན་ཤས་གོང་། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས《2022ལོའི་རྒྱལ་ཡོངས་ཀྱི་སྨན་བཅོས་འགལ་བཅོལ་བྱ་གཞག་འཕེལ་རྒྱས་ཀྱི་བསྡོམས་རྩིས་སྤྱི་བསྒྲགས》སྤེལ་བའི་ནང་། 2022ལོའི་ལོ་མཇུག་བར་དུ། རྒྱལ་ཡོངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ(གཤམ་དུ་གཞི་རྩའི་སྨན་བཅོས་འགན་བཅོལ་ཞེས་བསྡུ་རྒྱུ)ནང་ཞུགས་མཁན་ཁྲི་134592ཟིན་ནས་འགན་བཅོལ་ལ་ཞུགས་ཚད་95%ཡན་དུ་བརྟན་པོ་བྱུང་བ་དང་། 2022ལོར། རྒྱལ་ཡོངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ(བུ་བཙའི་འགན་བཅོལ་ཚུད་པ)ཐེབས་རྩའི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་30922.17ཟིན་ནས་ལོ་གོང་མ་ལས་7.6%འཕར་བ་དང་། སྤྱིའི་གཏོང་སྒོ་སྒོར་དུང་ཕྱུར་24597.24ཟིན་ནས་ལོ་གོང་མ་ལས་2.3%འཕར་བ། དུས་མཚམས་དེའི་ལྷག་གྲངས་ཁྱོན་སྒོར་དུང་ཕྱུར་6324.93ཟིན་ནས། རིམ་རྩིས་བྱས་ན་ལྷག་གྲངས་ཁྱོན་སྒོར་དུང་ཕྱུར་42639.89ཟིན་པ་དང་། དེའི་ནང་རིམ་རྩིས་བྱས་ན། ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ(གཤམ་དུ་ལས་བཟོ་བའི་སྨན་བཅོས་འགན་བཅོལ་ཞེས་བསྡུ་རྒྱུ)གྱི་མི་སྒེར་གྱི་རྩིས་ཐོའི་ལྷག་གྲངས་ཁྱོན་སྒོར་དུང་ཕྱུར་13712.65ཟིན་པ་བཅས་རེད།
སྤྱི་བསྒྲགས་སུ་མངོན་པར་གཞིགས་ན། ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐད། 2022ལོའི་ལོ་མཇུག་བར་དུ། ལས་བཟོ་བའི་སྨན་བཅོས་འགན་བཅོལ་ལ་ཞུགས་མཁན་ཁྲི་36243ཟིན་ནས་ལོ་གོང་མ་ལས་མི་ཁྲི་813འཕར་ཡོད་པ་དང་། ལས་བཟོ་བའི་སྨན་བཅོས་འགན་བཅོལ་ཐེབས་རྩའི(བུ་བཙའི་འགན་བཅོལ་ཚུད་པ)ཡོང་འབབ་སྒོར་དུང་ཕྱུར་20793.27ཟིན་ནས་ལོ་གོང་མ་ལས་9.4%འཕར་ཡོད་པ་རེད།