དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • རྨ་ཆུ་རྒྱུག་ཁུལ་ནས་ལོ་ངོ་ཁྲི་ཕྲག་ལྷག་ཙམ་རྒྱུན་མཐུད་པའི་གནའ་བོའི་མིའི་རིགས་ཀྱི་རིག་གནས་གནའ་ཤུལ་རྙེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-18

    ཉེ་དུས། ཧྲའན་ཤིས་ཤིས་ཨན་དུ་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དང་། རྒྱལ་ཁབ་རིག་དངོས་ཅུས། མི་དམངས་ཉིན་རེའི་ཚགས་པར་ཁང་། ཧྲའན་ཤིས་ཞིང་ཨུད་དྲ་འཕྲིན་ཨུ་ལྷན་བཅས་ཀྱིས་མཉམ་དུ་མཛུབ་ཁྲིད་བྱས་པའི“དར་རྒྱས་ཆེ་བའི་ཀྲུང་ཧྭ། ཀྲུང་གོ་ཞེས་པ་ཅི་འདྲ་ཡིན” ཞེས་པའི་དྲ་ཐོག་གི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་འགོ་ཚུགས་མཛད་སྒོར་ཧྲའན་ཤིས་ཞིང་ཆེན་རིག་དངོས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་ལུའོ་ཝུན་ལི་ཡིས་ཧྲའན་ཤིས་ཀྱི་རྨ་ཆུ་རྒྱུག་ཁུལ་གྱི་རྡོ་ཆས་རྙིང་པའི་དུས་ཀྱི་གནའ་རྫས་རྟོག་ཞིབ་སྔོག་འདོན་ཞིབ་འཇུག་གི་གྲུབ་འབྲས་གསར་ཤོས་ཁྱབ་བསྒྲགས་བྱས་པ་སྟེ།

    2021ལོ་དང་2022ལོར། ནན་ལུའོ་གཙང་པོ་རྒྱུག་ཁུལ་དུ་གནའ་རྫས་རྟོག་ཞིབ་བྱས་པ་བརྒྱུད་ས་རིམ་གྱི་མཐུག་ཚད་སྨི་24ཟིན་པར་དངོས་པོ་སྔོག་འདོན་ཐེངས་དང་པོ་བྱས་ཏེ་ད་བར་ལོ་ཁྲི་110ནས་ལོ་ཁྲི་3ཙམ་བར་གྱི་ཁྱོན་ལོ་ཁྲི་ཕྲག་ལྷག་ཙམ་རྒྱུན་མཐུད་པའི་གནའ་བོའི་མིའི་རིགས་ཀྱི་རིག་གནས་གནའ་ཤུལ་རྙེད་པ་རེད།

    2019ལོ་ནས་2023ལོ་བར། རྨ་ཆུའི་ངོགས་དང་དེ་བཞིན་རྨ་ཆུའི་ཡན་ལག་གཙང་པོ་སྟེ་ཝུའུ་ཏིང་གཙང་པོ་དང་པེ་ལུའོ་གཙང་པོ་སོགས་རྒྱུག་ཁུལ་དང་དེ་བཞིན་ཆིན་ལིང་རི་བོའི་བྱང་རྒྱུད་ནས་རྡོ་ཆས་རྙིང་མའི་སྐབས་ཀྱི་གནའ་ཤུལ་150ལྷག་ཙམ་རྙེད་ཅིང་། རྡོ་ཆས་ཀྱི་ལག་རྩལ་ལམ་རྣམ་པ་འདྲ་མིན་སྣ་ཚོགས་ཡོད་པ་དེ་ཐོག་ནས་ད་བར་ལོ་ངོ་ཁྲི་70ལྷག་ཙམ་ནས་ལོ་ཁྲི་1ཙམ་བར་གྱི་སྔ་རྗེས་སུ་གནའ་བོའི་མིའི་རིགས་མི་རབས་ནས་མི་རབས་བར་ཉམས་པ་མེད་པར་འཚོ་གནས་བྱེད་པའི་ལོ་རྒྱུས་ཀྱི་དོན་དངོས་མཚོན་གྱི་ཡོད།

    2022ལོ་དང་2023ལོར། ཝུའེ་པེ་ཧྲི་ཁྲོན་གཙང་པོ་རྒྱུག་ཁུལ་ནས་རྡོ་ཆས་རྙིང་མའི་གནའ་ཤུལ་ཐོག་མར་རྙེད་པ་དེ་ལས་གནའ་བོའི་མིའི་རིགས་ཀྱིས་གནས་དེར་འཚོ་སྡོད་བྱེད་པའི་ལོ་རྒྱུས་དེ་ཧ་ལམ་ལོ་ངོ་ཁྲི་60ཙམ་གྱི་གོང་དུ་ཡིན་པ་མཚོན་པ་དང་། དུས་མཚམས་མི་འདྲ་བའི་གྲངས་འབོར་ཕུན་སུམ་ཚོགས་པ་དང་རྣམ་པ་སྣ་ཚོགས་ཀྱི་རྡོ་ཆས་བཟོ་སྟངས་དེ་ལས་སྣ་མང་ཕུན་སུམ་ཚོགས་པའི་གནའ་བོའི་མི་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་རྣམ་པ་ངང་གིས་མངོན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།