དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ལྷ་ས་སྤྱི་བདེའི་རྣམ་པ་གསར་པ་གཏོད་པ།

    —— “ངའི་ཧྥུང་ཆའོ་ང་ཡིས་བརྗོད”ཅེས་པ་དང་བོད་ལྗོངས་ཀྱི“ཧྥུང་ཆའོ་རྣམ་པའི་སྤྱི་བདེ་མངགས་གཏོང་ཁང”ཁག་གཉིས་པ་འཛུགས་གཏོད་ཧུར་ཐག་བྱེད་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-18

    འདི་ནི་གཏམ་བཤད་འགྲན་བསྡུར་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    ཉེ་ཆར། ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཀྱི་ཚོགས་ཁང་དུ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས“ངའི་ཧྥུང་ཆའོ་ང་ཡིས་བརྗོད”ཅེས་པ་དང་བོད་ལྗོངས་ཀྱི“ཧྥུང་ཆའོ་རྣམ་པའི་སྤྱི་བདེ་མངགས་གཏོང་ཁང”ཁག་གཉིས་པ་འཛུཌ་གཏོད་ཧུར་ཐག་བྱེད་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་བྱས་པ་རེད།

    ལྷུན་གྲུབ་རྫོང་སྤྱི་བདེ་ཅུས་དགའ་ལྡན་ཆོས་འཁོར་གྲོང་རྡལ་མངགས་གཏོང་ཁང་དང་། ཁྲེང་ཀོན་ཆུས་སྤྱི་བདེ་ཡན་ལག་ཅུས་དོག་སྡེ་མངགས་གཏོང་ཁང་། མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་བཀྲ་ཤིས་སྒང་ཤང་མངགས་གཏོང་ཁང་། འདམ་གཞུང་རྫོང་སྤྱི་བདེ་ཅུས་འདམ་ཆུ་ཁ་གྲོང་རྡལ་མངགས་གཏོང་ཁང་། ཁྲེང་ཀོན་ཆུས་སྤྱི་བདེ་ཡན་ལག་ཅུས་གླིང་ཕྲན་གཉིས་མངགས་གཏོང་ཁང་བཅས་ཀྱི་འགྲན་ཞུགས་མི་དམངས་ཉེན་རྟོག་པས་བྱེད་སྒོའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པ་དང་ཁོངས་གཏོགས་ཁུལ་གྱི་ཁྱད་ཆོས་ལ་གཞི་ཚུགས་ཏེ། འགྲེམས་སྟོན་རྩོམ་ཡིག་དང་བརྙན་ཐུང་འགྲེམས་གཏོང་སོགས་ཀྱི་བྱེད་སྟངས་བརྒྱུད“ཧྥུང་ཆའོ་རྣམ་པའི་སྤྱི་བདེ་མངགས་གཏོང་ཁང”འཛུགས་གཏོད་ཧུར་ཐག་བྱས་པའི་གྲུབ་འབྲས་འགྲེམས་སྟོན་བྱས་པ་རེད།

    “ཚང་མས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་གསོན་ཉམས་དོད་པའི་སྐད་ཆ་དང་མི་སེམས་འགུལ་བའི་གཏམ་རྒྱུད་ལ་བརྟེན་ནས། མི་དམངས་ཉེན་རྟོག་པས་མི་དམངས་ཆེད་དུ་ལས་དོན་བསྒྲུབས་པའི་དཔེ་མཚོན་བྱས་རྗེས་དང་སྤྱིར་བཏང་གི་ལས་གནས་སུ་སྤྱིར་བཏང་མིན་པའི་སྤྱི་བདེའི་གཏམ་རྒྱུད་མཉམ་སྤྱོད་བྱས་སོང་། རྒན་ཡོལ་ཞུས་པའི་མི་དམངས་ཉེན་རྟོག་པ་ཞིག་གི་ངོས་ནས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་ལྷ་སའི་རྒན་ཡོལ་ཞུས་པའི་མི་དམངས་ཉེན་རྟོག་པའི་འཐུས་མི་སྐལ་བཟང་ནོར་བུས་གསར་འགོད་པར་དེ་ལྟར་བརྗོད།

    གཞི་རིམ་གྱི་སྤྱི་བདེའི་ལས་དོན་ནི“ཧྥུང་ཆའོ་ཡི་ཉམས་མྱོང”འབྱུང་ས་དང་རྒྱུན་འཛིན་བྱ་ཡུལ་རེད། གཞི་རིམ་གྱི་སྤྱི་བདེའི་ལས་དོན་ཡག་པོ་སྒྲུབ་མིན་དང་། ཞིབ་ཕྲ་ཡོད་མེད། ཞིབ་ཚགས་མིན་བཅས་ལས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད།

    གཏམ་བཤད་ཁྲོད་ཀྱི་གཏམ་རྒྱུད་ཚང་མ་ནི་མི་དམངས་ཉེན་རྟོག་པས་དོན་དངོས་ཀྱི་འཚོ་བའི་ཁྲོད་དུ་ཁྲག་དང་མིག་ཆུས་བྲིས་པ་ཤ་སྟག་ཡིན་ཞིང་། དེ་ལྟ་བུའི་འགྲན་བསྡུར་བྱེད་ཐེངས་རེ་ནི་སྐུལ་ལྕག་ཅིག་ཀྱང་ཡིན་པ་རེད།

    ཆུ་ཚོད་1ལྷག་ཙམ་རིང་འགྲན་བསྡུར་དྲག་པོ་བྱས་རྗེས། མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་བཀྲ་ཤིས་སྒང་ཤང་མངགས་གཏོང་ཁང་དང་། ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་དོག་སྡེ་མངགས་གཏོང་ཁང་། འདམ་གཞུང་རྫོང་སྤྱི་བདེ་ཅུས་འདམ་ཆུ་ཁ་གྲོང་རྡལ་མངགས་གཏོང་ཁང་བཅས་ལ་གཏམ་བཤད་འགྲན་བསྡུར་གྱི་ཨང་དང་པོ་ནས་གསུམ་པ་བར་ཐོབ་པ་རེད།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། “ཧྥུང་ཆའོ་མངགས་གཏོང་ཁང”འཛུགས་གཏོད་བྱེད་པ་ནི་འགོ་ཚུགས་པ་ཞིག་རེད་ལ། དེ་བས་རྒྱུན་མཐུད་དང་འཕེལ་རྒྱས་ཤིག་ཀྱང་རེད། གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ནས“འགལ་བ་གོང་ལ་མི་སྤྲོད་པ་དང་། གནས་ཚུལ་མི་ཐོན་པ། ཞབས་ཞུ་གནད་ལ་འཁེལ་བ”བཅས་ཀྱི་དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”གི་སྙིང་སྟོབས་གཙོ་རྐང་དུ་བྱས་ཏེ་འགན་ནུས་གསར་པ་སྒྲུབ་པ་དང་། འགན་འཁྲི་གསར་པ་འཁུར་བ། ལྷ་ས་སྤྱི་བདེའི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་པ། ལྷ་ས་སྤྱི་བདེའི་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།