དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • འབད་འཐབ་ཁྲོད་ནས་ལང་ཚོའི་བཀྲག་མདངས་རབ་ཏུ་འཚེར།

    —— ཉིང་ཁྲི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་དམངས་ལ་བྱ་བ་དངོས་སྒྲུབ་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-18

    ཞོགས་པའི་ཉི་འོད་མཐའ་མཚམས་ལམ་ཐིག་ཏུ་འཕྲོས་པ་དང་ཉིང་ཁྲིའི་མཐའ་མཚམས་སུ་བཅའ་སྡོད་བྱེད་མཁན་ན་གཞོན་མི་དམངས་ཉེན་རྟོག་པ་ཚོའི་ཉིན་གཅིག་གི་ལས་ཀ་འགོ་ཚུགས་ཤིང་། ཁོང་ཚོས་ལང་ཚོ་མཐའ་མཚམས་ཀྱི་མཛེས་སྡུག་ལྡན་པའི་རི་ཀླུང་ལ་ཕུལ་ནས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་གཞག་ལ་ཞུགས་བཞིན་ཡོད། ཁོང་ཚོའི་བྱ་སྤྱོད་ལས་ལང་ཚོའི་ཉམས་འགྱུར་མངོན་པ་དང་ཁོང་ཚོའི་འབད་འཐབ་ལས་ལང་ཚོའི་བཀྲག་མདངས་འཚེར་ཡོད།

    འགན་འཁུར་ཕོད་ཅིང་དཀའ་ཉེན་ལ་མི་སྐྲག་པ།

    ཉིང་ཁྲི་སྐྱེམས་སྟོང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་ཚོའི་ཆ་སྙོམས་ཀྱི་ལོ་ཚད་28ཙམ་ཟིན་པ་དང་། ཁོང་ཚོས་ལོ་ཟླ་ཡག་ཤོས་ཀྱི་སྐབས་མཐའ་མཚམས་སུ་གཞི་ཚུགས་ཏེ་ཞུམ་མེད་མདུན་སྐྱོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལང་ཚོའི་འགན་འཁྲི་འཁུར་ཕོད་པ་དང་གང་ལའང་མི་སྐྲག་པའི་རྣམ་པ་མངོན་ཡོད།

    སྐྱེམས་སྟོང་མཐའ་མཚམས་ཞིབ་བཤེར་ས་ཚིགས་སུ་ཁོང་ཚོས་ཉིན་ལྟར་རླངས་འཁོར་ལ་ཞིབ་བཤེར་བྱེད་དགོས་པ་མ་ཟད། ད་དུང་གངས་རིའི་ཁྲོད་དུ་ཛ་དྲག་རོགས་སྐྱོབ་ཀྱང་བྱེད་དགོས་ཀྱི་ཡོད། འདི་ལོའི་ཟླ་3ཚེས་15ཉིན་ཉིང་ཁྲི་སྣང་རྫོང་ཧུང་ཏཱ་རླངས་འཁོར་ཉམས་བཟོ་ཁང་གི་ལས་དོན་མི་སྣ་3གྱིས་རླངས་འཁོར་བཏང་སྟེ་ལྷོ་ཁ་གྲོང་ཁྱེར་རྩ་རི་ཤང་དུ་བསྐྱོད་པ་དང་ས་བབ་སྨི་4500ཡོད་པའི་གམ་བུ་ལ་བརྒྱུད་སྐབས་་ལམ་དུ་གངས་གསོག་ཐེབས་ཡོད་པས་རླངས་འཁོར་འདྲེད་བརྡར་ཤོར་ནས་འཁོར་ལོ་གཅིག་ཆུ་ཡུར་ནང་ལྷུང་།

    མི་དམངས་ཉེན་རྟོག་པར་ཉེན་བརྡ་འབྱོར་འཕྲལ་ལག་ཆ་འཁྱེར་ནས་རོགས་སྐྱོབ་ལ་བསྐྱོད། ལམ་གྱི་གཞོགས་གཅིག་ལ་གངས་ཕུང་མཐོན་པོ་གསོག་ཡོད་པ་དང་ལམ་ངོས་སུ་གངས་གསོག་མཐུག་པོ་ཐེབས་ཡོད་པས། རོགས་སྐྱོབ་བྱེད་མཁན་མི་དམངས་ཉེན་རྟོག་པས་ཀྱག་ཀྱོག་གི་རི་ལམ་དུ་གཟབ་ནན་ངང་རླངས་འཁོར་ཆུ་ཚོད་གཅིག་ཙམ་བཏང་རྗེས་ལས་འཛོལ་ཐོན་ཡུལ་དུ་འབྱོར།

    “ང་ཚོས་མེན་པའོ་དང་ཆུ་འཁོལ་འཁྱེར་ཡོད་པས་ཕྲན་ཙམ་ཟོས་དང་། ལུས་སྟོབས་འཕེལ་ཐུབ” མང་ཚོགས་ཉེན་ཁའི་གནས་སུ་གྱར་བའི་དུས་ཚོད་ཅུང་རིང་བར་བསམ་གཞིག་བྱས་ནས་མི་དམངས་ཉེན་རྟོག་པ་ཀྲུའུ་ཤིན་གྱིས་སྔོན་ལ་ཉེན་གྱར་མི་སྣ་ཟས་ཟ་རུ་བཅུག་སྟེ་ལུས་གསོ་ཐུབ་པར་བྱས་པ་དང་དེ་རྗེས་མི་དམངས་ཉེན་རྟོག་པ་གཞན་དག་དང་མཉམ་དུ་རོགས་སྐྱོབ་ལས་ལ་ཞུགས་ཤིང་། རླངས་འཁོར་འོག་གི་གངས་གསོག་སྔོག་པ་དང་། འཁོར་ལོའི་འོག་ཏུ་རྡོ་འདིང་བ། ཉེན་རྟོག་པའི་རླངས་འཁོར་གྱིས་འཐེན་པ་བཅས་བྱས་མཐར་རླངས་འཁོར་ཆུ་ཡུར་ནས་དོན་ཐུབ་ཙམ་བྱུང་། དེ་རྗེས་མི་དམངས་ཉེན་རྟོག་པ་ཚོས་སླར་ཡང་ལྕགས་ཁྱེམ་ཁྱེར་ནས་འགྲོ་ལམ་སྟེང་གི་གངས་འཁྱགས་འཕྱགས་པ་དང་དྲོད་ཚད་ཧྲེ་ཧྲི་ཏུའུ་ཀླད་ཀོར་འོག་གི་བཅུ་གྲངས་ཁ་ཤས་ལས་མེད་པས། ཁོང་ཚོའི་ལག་གཉིས་འཁྱགས་ནས་ཚོར་བ་ཉམས་པར་གྱུར་མོད། འོན་ཀྱང་ལས་གནས་ནས་ཕྱིར་བཤོལ་བྱེད་མཁན་གཅིག་ཀྱང་མེད།

    དེ་ལྟ་བུའི་རོགས་སྐྱོབ་སྐྱེམས་སྟོང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་ཁོངས་གཏོགས་ཁུལ་དུ་རྟག་ཏུ་མཐོང་རྒྱུ་ཡོད། རོགས་སྐྱོབ་བདེ་བླག་ཡོང་རིམ་བཞིན་མང་ཚོགས་ཀྱིས་ཐུགས་རྗེ་ཆེ་ཞུ་བ་དེ་ནི་མི་དམངས་ཉེན་རྟོག་པར་ཁས་ལེན་ཡག་ཤོས་བྱས་པ་ཞིག་རེད། ལང་ཚོ་ནི་ཁོ་ཚོས་རོགས་སྐྱོབ་བྱེད་རིང་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ཀྱི་མདུན་དུ་གང་ལའང་མི་འཛེམ་པར་གདོང་མཆོང་བྱེད་པ་དེ་རེད།

    གཞི་རིམ་དུ་གཞི་ཚུགས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ།

    ཡན་ལུའུ་ཐུང་ཉིང་ཁྲིའི་འགྲོ་བ་དགོན་མཐའ་མཚམས་མངགས་གཏོང་ཁང་དུ་ཐོག་མར་སླེབས་སྐབས་ལོ་24ཡིན་པ་དང་གཞུང་ལས་ཁང་དུ་ལས་བགོས་བྱས། ཁོངས་གཏོགས་ཁུལ་གྱི་གནས་ཚུལ་ཤེས་རྟོགས་བྱ་ཆེད། གཟའ་འཁོར་རེར་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་བཅར་འདྲིར་ཐེངས་གསུམ་བསྐྱོད་དགོས་པ་ནི་ཁོང་གིས་ངེས་པར་དུ་སྒྲུབ་པའི་ལས་ཀ་རེད། ཟླ་ཤས་རིང་ཁྱིམ་དུ་བཅར་འདྲི་བྱས་པ་བརྒྱུད། ཡན་ལུའུ་ཐུང་གིས་ཁོངས་གཏོགས་ཁུལ་གྱི་འགལ་ཟླ་དང་རྩོད་གཞིའི་ཁྱད་ཆོས་དང་དེ་བཞིན་དོ་བདག་གི་སེམས་ཁམས་ཀྱི་ཁྱད་ཆོས་ལ་གཞིགས་ནས་འགལ་ཟླ་འདུམ་འགྲིག་གི་ཉམས་མྱོང་ཆ་ཚང་ཞིག་ཕྱོགས་སྡོམ་བྱས་པ་དང་། ཁོང་ཚན་པའི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བྱེད་མང་ཤོས་དང་། མགྱོགས་ཤོས། མཁས་ཤོས། མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་མང་ཤོས་བཅས་ཀྱི་མི་དམངས་ཉེན་རྟོག་པར་རིམ་བཞིན་གྱུར་ཡོད།

    འདི་ལོའི་ཟླ་4ཚེས་22ཉིན་ཉིང་ཁྲིའི་འགྲོ་བ་དགོན་མཐའ་མཚམས་མངགས་གཏོང་ཁང་ཁོངས་གཏོགས་ཁུལ་གྱི་མང་ཚོགས་དབར་ས་ཞིང་གི་གནད་དོན་དབང་གིས་རྩོད་གཞི་ཐོན་པ་མ་ཟད། མཐའ་འཁོར་དུ་ལྟད་མོ་ལྟ་མཁན་ཇེ་མང་དུ་སོང་བ་དང་། འགལ་ཟླའི་ཕྱོགས་གཉིས་ནི་ན་གཞོན་ཡིན་པས་ཁ་རྩོད་དྲག་པོ་ཤོར་ནས་བཀག་ཐུབ་མེད། ཉེན་བརྡ་འབྱོར་རྗེས་མི་དམངས་ཉེན་རྟོག་པ་ཡན་ལུའུ་ཐུང་གིས་འཕྲལ་མར་གནས་ཚུལ་ཐོན་ཡུལ་དུ་བསྐྱོད་ནས་འདུམ་འགྲིག་བྱས་པ་རེད།

    འབད་འཐབ་ཁྲོད་ནས་ལང་ཚོའི་བཀྲག་མདངས་རབ་ཏུ་འཚེར། ཉིང་ཁྲི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གི་ན་གཞོན་མི་དམངས་ཉེན་རྟོག་པའི་ངོས་ནས་བརྗོད་ན་འགན་འཁྲི་འཁུར་ཕོད་པ་དང་དཀའ་ཉེན་ལ་མི་སྐྲག་པ། ཏན་ཏན་ཏིག་ཏིག་དང་རང་འགན་གཙང་སྒྲུབ། གཞི་རིམ་དུ་གཞི་ཚུགས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ནི་ལང་ཚོའི་ཉམས་འགྱུར་ཡག་ཤོས་མངོན་ཐུབ་པ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།