དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས།

    “དམིགས་པ་བཞི”མཐའ་འཁྱོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-07-12

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་། བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག(གཤམ་དུ་སྤྱི་ཁྱབ་རུ་ཁག་ཅེས་བསྡུ་རྒྱུ)གིས“དམིགས་པ་བཞི”མཐའ་འཁྱོངས་ཀྱིས“ཏན་ཏིག”ཐོག་ཤུགས་བརྒྱབ་ནས་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་སྒོ་ནས། བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་སེལ་བ་དང་གནོད་འཚེའི་ལས་འཛོལ་སྣ་ཚོགས་ལ་ཁ་གཏད་གཅོག་པའི་འགན་འཁྲི་གལ་ཆེན་ལག་ལེན་དུ་བསྟར་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་རྩོམ་ཆེད་མེ་ཟོན་གྱི་སྟོབས་ཤུགས་སྐྱེས་སུ་ཕུལ་བ་རེད།

    རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པར་དམིགས་པ་དང་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་བླངས་ཏེ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ནས་མེ་ཟོན་ལས་དོན་དེང་རབས་ཅན་གྱི་ཕྱོགས་སུ་ཁྲིད་སྟོན་བྱས་པ། “ཏང་ཨུད་ཀྱིས་སྔོན་ལ་སློབ་སྦྱོང་དང་། འགོ་ཁྲིད་ཀྱིས་སྔོན་ལ་སློབ་སྦྱོང་། རིགས་གཅིག་མཁས་ཅན་གྱིས་སློབ་སྦྱོང་ལ་ཁྲིད་སྟོན། ཀྲི་པུའུ་ཡིས་ཞིབ་སྦྱོང་། མི་སྒེར་གྱིས་རང་སྦྱོང་། རླུང་འཕྲིན་ནས་སློབ་སྦྱོང་། རྒྱུགས་ལེན་གྱིས་འགྲན་སློབ། བྱེད་སྒོའི་ལག་ལེན་ནས་སློབ་སྦྱོང”བཅས་གཞི་གཅིག་ཅན་གྱི་སློབ་སྦྱོང་མ་ལག་ཧུར་ཐག་བཏོད་ནས། 《ཞི་ཅིན་ཕིང་གི་གསུམ་རྩོམ་གཅེས་བསྒྲིགས་ཀློག་དེབ》དང《ཏང་གི་རང་ངོས་གསར་བརྗེ་གླེང་བ》སོགས་རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག་ལ་དམིགས་ཏེ་ཉིན་ལྟར་ཆུ་ཚོད་1གི་གཅིག་སྡུད་སློབ་སྦྱོང་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གསར་ཤོས་དང་དེ་བཞིན་འཕྲལ་སྡོམ་དོ་དམ་དང་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཞིབ་བསྡུར་བྱས་ནས་དུས་ཐོག་ཏུ་རྗེས་སྙེག་སློབ་སྦྱོང་བྱས་པ་དང་། སི་ཁྲོན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བ་གདན་དྲངས་ཏེ“རིགས་གཅིག་མཁས་ཅན་གྱི་དྲ་ཐོག་གི་གླེང་སྟེགས”ཐེངས་3དང་ཆེད་དོན་སློབ་སྦྱོང་བགྲོ་གླེང་ཐེངས་གཉིས་སྤེལ་ནས་བསམ་བློ་གསར་པར་བརྟེན་ནས་བོད་ཀྱི་མེ་ཟོན་རོགས་སྐྱོབ་ལས་དོན་ལ་མཛུབ་ཁྲིད་མཐའ་འཁྱོངས་བྱས་པ་རེད། དེ་དང་དུས་མཚུངས“དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱེད་པ་དང་། “ཁུལ་གསུམ་དང་མཐོ་ས་གཅིག”འཛུགས་གཏོད་ཀྱི་ནང་དོན་དེ་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ནང་འཇུག་པ། འབྲེལ་ཡོད་ལས་དོན་དེ་བོད་འཕེལ་རྒྱས་ཀྱི་སྤྱི་ཡོངས་སུ་དེ་བས་ལེགས་པའི་སྒོ་ནས་མཉམ་འདྲེས་ཐུབ་པར་སྐུལ་འདེད་གཏོང་བ། བཀོད་འཐབ་པ་ཚོར་དགོངས་པ་སློབ་སྦྱོང་བྱེད་པར་ཁྲིད་སྟོན་བཅས་བྱས་ཏེ་ཏང་གཤིས་བརྟན་དུ་གཏོང་བའི་ཐད་བཅུད་གསབ་པ་དང་། ལག་ལེན་ལ་སྣང་ཆེན་བྱེད་པའི་ཐད་ཤུགས་རྒྱག་པ། བྱས་རྗེས་གསར་པ་འཇོག་པའི་ཐད་ནུས་པ་སྦྱིན་པ་བཅས་བྱས་པ་རེད།

    བྱ་གཞག་འཕེལ་རྒྱས་ལ་དམིགས་པ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མེ་ཟོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ། བརྟག་དཔྱད་ཞིབ་འཇུག་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། འགན་འཁྲི་གཙོ་བོ་དང་ལས་ཀ་གཙོ་བོ་ཏན་ཏིག་དང་ཞིབ་ཚགས་སུ་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་ནས་མེ་ཟོན་བཅོས་སྐྱོང་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་བ། མེ་གསོད་དང་ཕྱོགས་བསྡུས་རོགས་སྐྱོབ་ཀྱི་དངོས་འཐབ་ནུས་པ་ཆེ་རུ་གཏོང་བ། ཕྱོགས་བསྡུས་འགན་སྲུང་གི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ལ་དམིགས་ནས་ཧེ་བག་བཙལ་ནས་འགོ་འཛུགས་ས་ཡག་པོ་བདམས་ཏེ་སྤྱི་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་བརྗོད་གཞི་བཙལ་བ་རེད། དེ་དང་ཆབས་ཅིག་ལས་སྒོར་དམིགས་ཏེ་བརྟག་ཞིབ་ཚོགས་ཆུང་7གཅིག་གྱུར་བཀོད་སྒྲིག་བྱས་པ་དང་བརྟག་ཞིབ་བྱ་གཞི་6གི་རོགས་སྐྱོར་གྱི་གཙོ་གནད་22ཁ་གསལ་བཟོས་ཏེ་བཀོད་དོན་མཉམ་འགུལ་དང་། གཡས་གཡོན་འབྲེལ་མཐུད། མང་ཚོགས་ཀྱི་དཔྱད་གླེང་སོགས་ཀྱི་བྱ་ཐབས་བརྒྱུད་གྲོང་ཁྱེར་དང་ས་གནས་སྲིད་གཞུང་དང་། ཐིང་ཨུད་གཞུང་དོན་ཅུས། གཙོ་གནད་ཁེ་ལས་དང་བྱ་གཞག་ཚན་པ་སོགས་ནས་བསམ་འཆར་བསྡུ་ལེན་བྱས་ཏེ་ལྗོངས་ཡོངས་ཀྱི་མེ་ཟོན་དཔུང་ཁག་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་གནད་དོན་ལ་ཁ་གཏད་གཅོག་པའི་ཁྲོད་བྱ་ཐབས་བཙལ་བ་དང་གནད་དོན་ཐག་གཅོད་བྱེད་པའི་ཁྲོད་ཐུན་མོང་གི་ངོས་འཛིན་གཅིག་སྡུད་བྱས་པ་རེད།

    ལྟེ་བའི་ལས་ཀར་དམིགས་པ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མེ་ཟོན་ལས་དོན་དེང་རབས་ཅན་དུ་བསྒྱུར་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པ། “2022ལོ་ནས་2023ལོའི་དགུན་དཔྱིད་ཀྱི་དངོས་འཐབ་སྦྱོང་བརྡར”གྱིས་སྣེ་ཁྲིད་དེ“འཕྲལ་སྡོམ་ལས་འགན་·བོད་2023”གྱི་ཡོམ་འགོག་གེགས་སེལ་གྱི་དངོས་འཐབ་ནང་སྦྱོང་དང“གངས་ལྗོངས་མེ་ལྕེ་སྔོན་པོ·2023”ཡི་ས་ཡོམ་རོགས་སྐྱོབ་དངོས་འཐབ་སྐུལ་ཁྲིད་ནང་སྦྱོང་དང་ནུས་པ་ཞིབ་གཏན་གྱི་བྱེད་སྒོ་སྤེལ་ནས་དམག་འཐབ་ནུས་པ་ཆགས་པར་མུ་མཐུད་སྐུལ་འདེད་བཏང་བ་དང་། “མེ་ཟོན+N”འབྲེལ་མཐུད་ནུས་ལྡན་གྱི་མཉམ་འབྲེལ་ལྟ་འདོམས་བྱེད་ཐབས་བཙུགས་ནས་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲིའི་འབྲེལ་ཐག་དམ་དུ་དང་ནན་དུ་བཏང་བ། “བྱ་ཐབས་གསར་པ་བདུན”དང་དེ་བཞིན“རིག་ལྡན་མེ་ཟོན”སོགས་མེ་ཟོན་བྱ་ཐབས་གསར་པ་དོན་འཁྱོལ་ཧུར་ཐག་བྱས་ནས། རིག་དངོས་སྲུང་སྐྱོབ་ཚན་པའི་མེ་ཟོན་བདེ་འཇགས་ཚད་གཞི་ཅན་གྱི་དོ་དམ་ལ་སྐུལ་འདེད་བཏང་སྟེ་མེ་ཟོན་རིག་ལྡན་གྱིས་རིག་དངོས་བདེ་འཇགས་ལ་ནུས་པ་སྦྱིན་པ། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”བྱ་ཐབས་དོན་འཁྱོལ་ཧུར་ཐག་བྱས་ནས“མེ་ལྕེ་སྔོན་པོའི་ཞབས་ཞུའི་ས་ཚིགས”34བཙུགས་ཏེ“ཞབས་ཞུ་དང་དྲིལ་བསྒྲགས”ཟུང་འབྲེལ་གྱིས་ནུས་པ་ཐོན་པར་བྱས་པ་རེད།

    གྲུབ་འབྲས་གཞན་སྒྱུར་ལ་དམིགས་པ་དང་ཞིབ་བཤེར་དག་ཐེར་བྱས་ནས་མེ་ཟོན་ལས་དོན་དེང་རབས་ཅན་དུ་འགྱུར་བར་འགན་ལེན་བརྟན་པོ་བྱས་པ། ཆེད་ལས་ལ་གཙོ་བོར་དམིགས་པ་དང་གནད་དོན་གྱི་དགོས་མཁོ་ཕྱོགས་སྟོན་དུ་འཛིན་ཏེ་རིམ་པ་དང་རིགས་དབྱེ་ནས་ལས་སྒོའི་གསོ་སྦྱོང་དང་། ལས་གནས་སྦྱོང་བརྡར། འགྲན་བསྡུར་སྦྱོང་བརྡར་བཅས་བྱེད་པ་དང་། རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་ཆེད་དོན་རེས་སྐོར་སྦྱོང་བརྡར་འཛིན་གྲྭ་དང་དཔེ་ཀློག་འཛིན་གྲྭ་སྒྲིག་འཛུགས་བྱས་ཏེ་ཀྲའོ་370ཡི་གྲངས་འཛིན་ཚད་མེད་འཕྲིན་གཏོང་མ་ལག་འཆར་འགོད་དང་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ལྗོངས་ཡོངས་ཀྱི་ཚད་བརྒལ་རླབས་ཐུང་གྲངས་འཛིན་རྨང་གཞིའི་ས་ཚིགས་འཛུགས་སྐྲུན་ལེགས་སྒྲུབ་དང་། བརྒྱུད་ཚད་མཐོ་བའི་སྲུང་སྐར་དང་4Gསྤྱི་པའི་དྲ་བ་སོགས་འཕྲིན་གཏོང་བྱ་ཐབས་སྣ་ཚོགས་མཉམ་འདྲེས་འཕྲུལ་འཁོར་གྱི་སྒྲིག་ཆས་གསར་པ་བཀོལ་སྤྱོད་ཐད་འཚོལ་ཞིབ་བྱས་ནས་ལྗོངས་ཡོངས་ལ་རོགས་སྐྱོབ་བྱེད་པའི“རྣ་བ་གསང་པོ”ཞིག་བཏོད་ཡོད། དེ་དང་ཆབས་ཅིག་སྒྲིག་བཤེར་ལས་བྱེད་པའི་དཔུང་ཁག་གི་སློབ་གསོ་དག་ཐེར་གྱི་ལས་དོན་གཏིང་ཟབ་སྤེལ་ནས་སྒྲིག་བཤེར་ལས་བྱེད་པ་13བཅའ་སྡོད་ཁུལ་གྱི་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་དུ་ཆེད་དོན་གསོ་སྦྱོང་ལ་མངགས་པ་དང་། རིམ་པ་གཉིས་ཀྱི་སྒྲིག་ཨུད་ལྟ་སྐུལ་གྱི་འགག་སྒོར་སྤོས་ནས། “སྤྱོད་ཚུལ་བཞི”ཡོ་བསྲང་ཟམ་མི་ཆད་པར་བྱས་ཏེ་དཔུང་ཁག་གི་ཆབ་སྲིད་ཀྱི་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།