དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-07-12

    འདི་ནི་མེ་ཟོན་རུ་མིས་གྲོགས་པོ་ཆུང་ཆུང་ཚོར་མེ་ཟོན་སྒྲིག་ཆས་སྤྱོད་སྟངས་སློབ་བཞིན་པ།

    འདི་ནི་ནགས་ཚལ་མེ་ཟོན་རུ་མིས་ཚོང་དུད་ལ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།

    འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། དམངས་ཡོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཤེས་བྱ་སྔར་བས་ཁྱབ་གདལ་དང་གནོད་འཚེ་ལས་གཡོལ་བའི་རང་སྐྱོབ་ཀྱི་རྩལ་ནུས་ཆེ་རུ་གཏོང་ཆེད། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་མེ་ཟོན་རུ་མི་སྒྲིག་འཛུགས་ཀྱིས་མཛེས་ལྗོངས་ཁུལ་དང་། སྡེ་ཁུལ། ཐང་ཆེན་སོགས་མི་སྣ་འདུ་ཚོགས་ཆེ་ཁུལ་དུ་བསྐྱོད་དེ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། མེ་ཟོན་རུ་མིས་སྒྲིག་ཆས་སྤྱོད་སྟངས་དཔེ་སྟོན་ཧུར་ཐག་བྱས་ནས། མང་ཚོགས་ཚོར་རོགས་སྐྱོབ་སྒྲིག་ཆས་སྣ་ཚོགས་སྤྱོད་སྟངས་བསླབས་པར་མ་ཟད། ལས་ཡུལ་དངོས་སུ་ཉམས་ལེན་ཡང་བྱེད་དུ་བཅུག་སྟེ། མང་ཚོགས་ཚོའི་རོགས་སྐྱོབ་སྒྲིག་ཆས་སྤྱོད་སྟངས་ལ་སྦྱོང་བརྡར་དང་། རོགས་སྐྱོབ་འཇོན་ཐང་སྐྱེད་སྲིང་། རང་ངོས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ནུས་པ་ཆེ་རུ་ཕྱིན་པ་བཅས་ཀྱི་ཕན་འབྲས་ཐོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།