དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • སློབ་གྲྭར་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-11

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གནོད་འཚེ་ཉུང་གཏོང་ཨུ་ལྷན་གྱིས་གཞིས་རྩེ་གྲོང་ཁྱེར་སློབ་ཆུང་དུ“གེགས་འགོག་གེགས་སེལ་གྱི་ཤེས་བྱ་སློབ་གྲྭར་དྲིལ་བསྒྲགས”ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོར་མེ་ཟོན་བཀོད་འཐབ་པས་དགེ་སློབ་ཚོར་མེ་ཟོན་སྒྲིག་ཆས་ཀྱི་སྤྱོད་གོ་དང་སྤྱོད་སྟངས་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། དགེ་སློབ་སྒྲིག་འཛུགས་བྱས་ཏེ་མེ་ཟོན་འཕྲལ་སྡོམ་གྱི་ཁ་འགྲེམས་ནང་སྦྱོང་ཡང་བྱས་པ་རེད། དབྱིངས་ཞུགས་རྣམ་པ་དང་། མཉམ་འགུལ་རྣམ་པ། ཉམས་ལེན་རྣམ་པ་བཅས་ཀྱི་གེགས་འགོག་གེགས་སེལ་གྱི་དྲིལ་བསྒྲགས་ལས་དགེ་སློབ་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་དང་། འཕྲལ་སྡོམ་ཉེན་གཡོལ་དང་རང་སྐྱོབ་དང་ཕན་ཚུན་རོགས་སྐྱོབ་ཀྱི་ནུས་པ་ཆེ་རུ་ཕྱིན་ཡོད། འདི་ནི་མེ་ཟོན་བཀོད་འཐབ་པས་སློབ་མ་ཚོར་མེ་གསོད་ཡོ་ཆས་སྤྱོད་སྟངས་སློབ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།